[A:༢བ]གདངས་མཛད་ཅིང་ཚེ་མདའ་ལ་དར་དམར་པོ་བཏགས་པས་གཡོབ་པ་སོགས་མཛད་ཀྱིན་འདུག
དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ཆོས་ཀྱི་རྗེ་དེ་ཉིད་ཀྱི་དྲུང་དུ། གཟུངས་གྲྭ་ལྔའི་དཀྱིལ་འཁོར་དུ་དབང་ངམ་རིགས་གཏད་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་བ། གཉན་སྟོན་གྲགས། གཉན་རིན་ཆེན་གྲགས། ལྷ་སའི་གནས་བརྟན་དཀོན་རྒྱལ། དེའི་སྲས་རྡོག་སྟོན་བྱའུ་རྒྱལ། རྒྱལ་ཚ་ལུང་མང་པོ། རོང་པ་ཤེར་སེང་། ཀུན་མཁྱེན་འཕགས་འོད། བུ་སྟོན་ཐམས་ཅད་མཁྱེན་པ། ལྕེ་ནམ་མཁའ་མཆོག་གྲུབ། ཆོས་རྗེ་ཀ་བཞི་པ་ཆེན་པོ། མཁྱེན་རབ་ཆོས་རྗེ། རྗེ་རྡོ་རིང་པ། ཚར་པ་ཆོས་རྗེ། མཁྱེན་བརྩེ་དབང་ཕྱུག མཁན་ཆེན་བསླབ་གསུམ་རྒྱལ་མཚན། ཡབ་སྲས་དེ་གསུམ་ལ། ཉམས་དང་རྟོགས་པའི་མངའ་བདག་དབང་ཕྱུག་རབ་