R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༥༢བ
[A:༥༢བ]ཀུན་དགའ་གྲོལ་མཆོག བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོ། རྗེ་བཙུན་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །གཙུག་ཏོར་རྣམ་རྒྱལ་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་ཆེ་ཆུང་། བླ་མ་དཔལ་ལྡན་པ། ཤར་ཆེན་པ། ངོར་ཆེན་པ། མུས་ཆེན་པ། ཀུན་མཁྱེན་པ། རྗེ་སངས་རྒྱས་རིན་ཆེན། རྗེ་དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། མཁན་ཆེན་དབང་ཕྱུག་དཔལ་བཟང་། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །བསྟོད་པ་ཙནྡྲ་གོ་མིས་མཛད་པ། སྒྲུབ་སྐོར་ཆོས་རྒྱལ་འཕགས་པས་མཛད་པ། ས་ལོ་འཇམ་པའི་རྡོ་རྗེས་མཛད་པའི་སྟོང་མཆོད་ཀྱི་ལག་ལེན། རྣམ་རྒྱལ་གྱི་གཟུངས་རྟོག་པ་གཉིས་དང་བཅས་པ་བ་རི་བས་བསྒྱུར་པ། རྟོག་པའི་འགྲེལ་པ་དང་། ས་བཅད་རྗེ་བཙུན་རྩེ་མོས་མཛད་པ་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། འཇམ་དཔལ། ཛེ་ཏ་རི། རྡོ་རྗེ་གདན་པ་གཉིས། བ་རི་ལོ་ཙཱ་བ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། ཆོས་རྒྱལ་འཕགས་པ། བློ་ཆེན་སངས་རྒྱས་སྲས། བག་སྟོན་གཞོན་ཚུལ། བླ་མ་མགོན་པོ་འབུམ། བྲམ་ཆེན་ནམ་