[A:༥༩བ]བཅད། རྗེ་བཙུན་གྱི་སེང་གེ་སྒྲའི་སྒྲུབ་སྐོར། དོན་ཞགས་ཀྱི་ས་བཅད། ལྷ་ལྔའི་བསྟོད་པ། དོན་ཞགས་ཀྱི་ལོ་རྒྱུས།
དོན་ཞགས་ཀྱི་ལོ་རྒྱུས་གཞན་ཞིག་འདུག་པ་འདི་སློབ་དཔོན་རིན་པོ་ཆེས་མཛད་པ་ཡིན་མིན་བརྟག་དགོས།
སྔོན་དུ་འགྲོ་བའི་ཆོ་ག་ཉམས་སུ་བླང་ཚུལ། དོན་ཞགས་རྒྱུད་ཆུང་གི་ཊཱིཀྐ །རྡོ་རྗེ་གདན་པའི་ཆོས་དྲུག མི་གཡོ་བའི་ཆོས་སྐོར་རྒྱ་གཞུང་བསྟོད་པ་དང་བཅས་པ། ཁ་འབར་མའི་གཏོར་ཆེན། སྤྱོད་འཇུག་གི་ཊཱིཀྐ་ཆེན་མོ།འདིའི་མཇུག་ལ་དགེ་སློང་ཆོས་ཀྱི་སེང་གེས་མཛད་པ་ལས་ཟེར་བ་འདི་ཕྱ་པ་ནི་མིན་ལས་ཆེ་སུ་ཡིན་བརྟག་དགོས། འདི་ལས་དང་པོ་པ་རྣམས་ཀྱིས་གོ་བདེ་བ་ལེགས་པོ་རང་གནང་།
ཆོས་ལ་འཇུག་པའི་སྒོ།འདིའི་ནང་ན་ལྔ་སྡེ་བཟང་པོས་སྔོན་ལ་སྟོན་པའི་དྲུང་དུ་ཚུར་ཤོག་གི་བསྙེན་པར་རྫོགས། དེ་ནས་བདེན་བཞིའི་ཆོས་འཁོར་བསྐོར་བར་གསུངས་འདུག
ཡི་གེའི་རྣམ་གཞག་དང་འབྲེལ་བ་བྱིས་པ་བདེ་བླག་ཏུ་འཇུག་པའི་སྒོ་རྣམས་ཐོས་སོ། །ཡོངས་དྲིལ་ཆོས་སྣ་སུམ་ཅུ་རྩ་གཉིས་སྣང་། ཞྭ་ལུ་མཁྱེན་རབ་རིན་པོ་ཆེས་ཉི་ཤུ་རྩ་ལྔ་ཞེས་པའང་བཤད། ༈ གྲགས་པའི་ཟེར་གྱིས་སྲིད་གསུམ་གསལ་བར་བྱས། །འཇམ་པའི་རྡོ་རྗེ་དགེ་བསྙེན་ཟོལ་འཆང་བ། །ཐར་པའི་རྒྱལ་མཚན་དཔེ་བྲལ་སྲིད་འདིར་གསལ། །འཁོན་སྟོན་འཇམ་དབྱངས་དཔའ་བོས་བདག་ཅག་སྐྱོངས། །ཞེས་པའི་བསྟོད་ཡུལ་དམ་པར་གྱུར་པ་རྗེ་བཙུན་རིན་པོ་ཆེའི་གསུང་འབུམ་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། སློབ་དཔོན་རིན་པོ་ཆེ་ལ་བསྟོད་པ།འདི་བསྟོད་པ་གདུང་དབྱངས་མ་བྱ་བ་བཞུགས་ཀྱང་གསན་ཡིག་ན་མེད་པས་ལུང་རྒྱུན་མི་སྣང་།
ལམ་འབྲས་བརྒྱུད་འདེབས་བླ་མ་རྡོར་འཛིན་མ། ཡང་བརྒྱུད་འདེབས་ཆུང་བ་གཅིག ས་ཆེན་གྱི་རྣམ་ཐར། བླ་མ་ལྔ་བཅུ་པའི་