R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༦༨བ
[A:༦༨བ]ཏེ་སྒྲོལ་མའི་ཆོས་སྣ་དགུ། གསང་འདུས་མི་བསྐྱོད་རྡོ་རྗེའི་དཀྱིལ་ཆོག
འདི་ཀླུ་བྱང་དང་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གཉིས་ཀྱི་དཀྱིལ་ཆོག་དང་མཐུན་པ་ཁ་ཆེ་པཎ་ཆེན་ནས་ས་པཎ་ལ་བརྒྱུད་པ་ཡིན།
ཡེ་ཤེས་ཞབས་ཀྱི་ལོ་རྒྱུས། འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་སྒྲུབ་ཐབས། དགྲ་ནག་གཙོ་རྐྱང་གི་སྒྲུབ་ཐབས་བསྡུས་པ། རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཀྱི་སྒྲུབ་ཐབས་རྭ་ལུགས། འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་ཐབས། ཡང་ཕྱག་དྲུག་པའི་སྒྲུབ་ཐབས། འཇིགས་བྱེད་རྭ་ལུགས་ཀྱི་བདག་འཇུག འཇིགས་བྱེད་ཀྱི་སྦྱིན་སྲེག འཇིགས་བྱེད་ལྷ་ཞེ་དགུ་མའི་སྒྲུབ་ཐབས། འཇམ་དཔལ་ཞི་ཁྲོ་རྣམ་པར་རོལ་པ་གཤེད་དམར་བཅུ་གསུམ་མའི་སྒྲུབ་ཐབས། གཤེད་དམར་ལྷ་ལྔའི་སྒྲུབ་ཐབས། གཤེད་དམར་ཡབ་ཡུམ་གྱི་སྒྲུབ་ཐབས་འཇིགས་མེད་རྣམ་རོལ། ཡང་གཤེད་དམར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ཏེ་ཕ་རྒྱུད་ལ་ཆོས་སྣ་བཅུ་དྲུག རྩ་ལྟུང་གི་རྣམ་བཤད་རོལ་མཚོ། བླ་མ་ལྔ་བཅུ་པའི་བསྡུས་དོན། རབ་གནས་མདོར་བསྡུས་ཏེ་སྤྱི་ལ་མཁོ་བའི་ཆོས་སྣ་གསུམ། སྦྱོང་རྒྱུད་ནས་གསུངས་པའི་ཚེ་དཔག་མེད་ཀྱི་སྒྲུབ་ཐབས། ཡང་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་གཅིག ཚེ་དཔག་མེད་ལ་བསྟོད་པ། འོད་དཔག་མེད་ཀྱི་བསྒོམ་དོན།
འདི་བ་རི་བ་ནས་བརྒྱུད་པའི་ཚེ་དཔག་མེད་པའི་སྒོམ་ཐབས་ཞེས་པའང་བཤད།
མི་འཁྲུགས་པའི་སྦྱིན་སྲེག ཕྱག་ན་རྡོ་རྗེའི་སྒོམ་བཟླས། རྡོ་རྗེ་རྣམ་འཇོམས་ཀྱི་སྒོམ་བཟླས། རྣམ་འཇོམས་ཀྱི་བུམ་ཆོག རྣམ་འཇོམས་ཀྱི་ཆོ་ག་རྒྱས་པ། ཨ་པ་ར་ཙ་ནའི་སྒྲུབ་ཐབས། འཇམ་དཔལ་དཔའ་བོ་གྲུབ་པའི་སྒྲུབ་ཐབས། སྤྱན་རས་གཟིགས་ཕྱག་བཞི་པའི་སྒྲུབ་ཐབས། ཡང་