R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༧༢ན
[A:༧༢ན]དོན་ཡོད་རྒྱལ་མཚན་མན་འདྲ། ༈ །ཆོས་ཀྱི་རྗེ་མཁྱེན་རབ་ཀྱི་དབང་ཕྱུག་ཀུན་མཁྱེན་བསོད་ནམས་སེང་གེའི་ཟབ་མོ་སྔགས་ཀྱི་ཕྱོགས་གཙོ་བོར་གྱུར་པའི་གསུང་འབུམ་གྱི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། བླ་མ་རིན་ཆེན་འབྱུང་ལྡན་ལ་གསོལ་བ་འདེབས་པ། རྡོ་རྗེ་འཆང་ལ་བསྟོད་པ་གཉིས། སེམས་དཔའ་ཆེན་པོའི་རྣམ་ཐར་བསྟོད་པ་ཁ་སྐོང་དང་བཅས་པ། ཡང་དེ་ཉིད་ལ་བསྟོད་པ། བདག་ཆེན་ཆུ་མིག་པ། རྗེ་བཙུན་ཀུན་དགའ་དབང་ཕྱུག་པ། གོ་བོ་རབ་འབྱམས་པ་ཤེས་རབ་དཔལ་རྣམས་ལ་བསྟོད་པ་རེ་རེ། ཀུན་མཁྱེན། སངས་རྒྱས་འཕེལ་ལ་བསྟོད་པ་གཉིས། ཆོས་རྗེ་གུང་རུ་ལ་བསྟོད་པ། ཀྱེ་རྡོར་འགྲེལ་པ་ལུགས་དང་། བདེ་མཆོག་བརྒྱུད་འདེབས་ཀྱི་ཁ་སྐོང་། ཕར་ཚད་བརྒྱུད་འདེབས། བྱམས་པ་དང་། སྒྲོལ་མའི་བསྟོད་པ། ཆོས་སྐྱོང་གི་བསྟོད་པ། ལམ་འབྲས་ཀྱི་སྨོན་ལམ། སྨོན་ལམ་དབང་བཞི་ལ་སྦྱར་བ། སེམས་དཔའ་ཆེན་པོའི་རྣམ་ཐར་ཁ་སྐོང་དང་བཅས་པ། ལམ་འབྲས་བླ་མ་བརྒྱུད་པ་ལ་ཡན་ལག་བདུན་པའི་ཆོ་ག བརྡ་གྲོལ་ངེས་པའི་དཔལ་སྟེར། ཟབ་དོན་བདུད་རྩི་ཉིང་ཁུ་རྩ་འགྲེལ། ཨ་སེང་མའི་འགྲེལ་པ། ལམ་འབྲས་ཆོས་འབྱུང་ཁ་བསྐངས་པ། སྣང་གསུམ་གྱི་སྐབས་སུ་ཉེ་བར་མཁོ་བའི་གསལ་བྱེད། གཞུང་ཇི་ལྟ་བར་བཀྲི་བའི་ལམ་སྤྱིའི་རྣམ་གཞག བདག་མེད་མའི་མངོན་དཀྱིལ་གྱི་ཐོ། ལམ་དུས་ཀྱི་དབང་བསྐུར་གསོ་ཐབས། བིར་སྲུང་གི་ཕྱག་ལེན། མངོན་རྟོགས་ཚུལ་བཅུ་བཞིའི་ངག་འདོན། མཆོད་གཏོར་གྱི་རྣལ་འབྱོར། བློས་བསླངས་སོགས་ཀྱི་སྒོ་རྐྱང་སྦྲགས་སོགས་ཀྱི་ཁྱད་