[A:༡༨བ]མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་རྗེ་ཀླུ་སྒྲུབ་རྒྱ་མཚོས། རྗེ་བཙུན་དམ་པ་ཀུན་དགའ་གྲོལ་མཆོག་ལ་ཡང་ལམ་འབྲས་ཡོངས་སུ་རྫོགས་པ་གསན་གསུངས། ༈ །ཡང་རྗེ་བཙུན་མཁས་པའི་དབང་པོ་དེ་ཉིད་ཀྱི་དྲུང་དུ། གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་ཆོས་སྐོར་ཐོས་པ་ལ། ཐོག་མར་ལྷ་ལྔའི་དཀྱིལ་འཁོར་རས་བྲིས་ལ་བརྟེན་པ་དབང་བཞི་མཐའ་རྟེན་དང་བཅས་པ་ཐོབ་པའི་བརྒྱུད་པ་ཆག་ལུགས་ནི། འཇམ་དཔལ་གཤིན་རྗེ་གཤེད་དམར་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་བི་རུ་པ། ཌོམྦྷི་ཧེ་རུ་ཀ བི་ར་མ་ཏི། གམྦྷི་ར་མ་ཏི། ནིཥྐ་ལངྒ་དེ་ཝ། ར་ཝེནྟྲ་བྷ་དྲ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། གོ་ལུང་པ་མདོ་སྡེ་དཔལ། གཤོང་ལོ་ཙཱ་བ་བློ་གྲོས་བརྟན་པ། མང་མཁར་ལོ་ཙཱ་བ་མཆོག་ལྡན་ལེགས་བློ། བླ་མ་བསོད་ནམས་དབང་ཕྱུག བྱ་སྟེར་བ་བྱང་ཆུབ་རིན་ཆེན། ར་ག་བྲག་པ་ཤཱཀྱ་སེང་གེ ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། བདག་ཆེན་རྡོ་རྗེ་འཆང་ཆེན་པོ། རྗེ་བཙུན་རྡོ་རིང་བ་ཆེན་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ལའོ། ༈ །དཔྱལ་ལུགས་ཀྱི་བརྒྱུད་པ་ནི། ནིསྐ་ལངྐ་དེ་ཝ་ཡན་གོང་བཞིན། དེ་ནས་དཔྱལ་ལོ་ཙཱ་བ་ཆོས་བཟང་།
དཔྱལ་པས་སྒ་ལོ་ལ་བུམ་དབང་མན་ཆད་ལས་མ་གནང་བ་ལ། ཁོང་གིས་དྷ་ན་ཤཱི་ལ་དང་། འཇམ་གསར་ལ་