R382: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རིགས་ལྡན་འཇམ་པའི་དབྱངས་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག་མཆེད་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༥ན
[A:༥ན]དོན་བསྡུས་སམ། བསྡུས་དོན་དུའང་གྲགས། ནག་པོ་དཀྱིལ་ཆོག་གི་བསྡུས་དོན་ནམ། ས་བཅད། ནག་པོ་ཆེན་པོ་སྒྲུབ་ཐབས་ཀྱི་དོན་བསྡུས། ནག་པོ་དཀྱིལ་ཆོག་རས་བྲིས་ལ་བརྟེན་པ། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཚུལ་གསལ་བྱེད་དང་བཅས་པ། ནག་པོ་སྒྲུབ་ཐབས་སམ། མངོན་རྟོགས་རྣམ་བཤད། ཊཱིཀ་ཆུང་སྟེ་མཚན་གསུམ་ལྡན། ནག་པོ་སྦྱིན་སྲེག་གི་རྣམ་བཤད། ནག་པོ་སྦྱིན་སྲེག་ལག་ལེན། ནག་པོ་སྦྱིན་སྲེག་དང་འབྲེལ་བའི་རོ་སྲེག གསང་བའི་དེ་ཁོ་ན་ཉིད་ཀྱི་རྣམ་བཤད། གསང་བའི་དེ་ཁོ་ན་ཉིད་ཀྱི་འགྲེལ་པ། ཊཱིཀྐའང་ཟེར། གསང་བའི་དེ་ཁོ་ན་ཉིད་ཀྱི་དོན། བླ་མའི་གསུང་དང་གཞུང་ན་གནང་བ་གསལ་བར་བཤད་པ། ཨོ་ལ་པ་ཏིའི་རྣམ་བཤད། ཨོ་ལ་པ་ཏིའི་མན་ངག་ཆུང་ངུ་། ཨོ་ལ་པ་ཏིའི་མན་ངག་གམ་དོན་བསྡུས། ཨོ་ལ་པ་ཏིའི་དང་དཔྱིད་ཐིག་གི་སྔགས་རིམ་གྱི་མན་ངག དཔྱིད་ཐིག་གི་རྣམ་འགྲེལ། ནག་པོ་རིམ་བཞི་ལམ་སློང་། དེའི་ལག་ལེན། ཡང་དེའི་ལག་ལེན་ཞེས་པ་རིམ་ལྔའང་སྟོན་པ་ཉུང་ངུ་། འཇམ་དབྱངས་ལ་བསྟོད་པ། མི་གཡོ་བ་ལ་བསྟོད་པ། སྒྲོལ་མ་ལ་བསྟོད་པ། སྐྱུ་ར་ཨ་སྐྱབས་ལ་ཞུ་ཡིག འཇིགས་བྱེད་རྟོག་བདུན་གྱི་རྣམ་བཤད། སྒྲོལ་མ་ལྷ་བཅུ་བདུན་གྱི་དཀྱིལ་ཆོག དཔལ་ས་སྐྱ་པའི་མན་ངག་གཅེས་བསྡུས་རིན་ཆེན་ཕྲེང་བ། ཁྲོ་བཅུའི་སྲུང་འཁོར་མན་ངག བྷ་ཡ་ནའི་སྲུང་འཁོར་མན་ངག བུམ་གཏེར་གཞུག་པའི་མན་ངག རྡོ་རྗེ་ཕུར་པའི་མངོན་རྟོགས།
ཡང་ཕུར་ཐུན་མོང་བ་ཡིན་གསུངས།
རྡོ་རྗེ་ཕུར་པའི་ལས་བྱང་། ཁྱུང་ཁྲའི་མན་ངག་གམ། ནམ་མཁའ་ལྡིང་གི་མན་ངག་ཀྱང་