[A:༦ན]བྱ་བའི་ཊཱིཀྐ། དཔལ་བདེ་མཆོག་གི་མཆོད་པའི་ཆོ་ག གཙུག་ཏོར་རྣམ་རྒྱལ་གྱི་རྟོགས་པའི་ཊཱིཀྐ་བསྡུས་དོན་དང་བཅས་པ། རྗེ་བཙུན་སེང་གེ་སྒྲའི་གདོན་སྒྲོལ་གྱི་ཆོ་ག དོན་ཞགས་ལོ་རྒྱུས།
དགེ་བསྙེན་ཞི་བའི་གོ་ཆས།
དོན་ཞགས་རྒྱུད་ཀྱི་ས་བཅད། དོན་ཞགས་རྒྱུད་ཀྱི་ཊཱིཀྐ་རིན་ཆེན་ཕྲེང་བ།འདི་ནང་རི་དྭགས་ཨེ་ནྱ་ཡེ་དང་ཀྲྀཥྞ་ས་ར་གཅིག་པར་གསུངས།
དོན་ཞགས་ལྷ་ལྔའི་བསྟོད་པ། རྡོ་རྗེ་གདན་པའི་ཆོས་དྲུག འཕགས་པ་མི་གཡོ་བའི་ལོ་རྒྱུས། སྒྲུབ་ཐབས་སྦྱིན་སྲེག་ལས་ཚོགས་དང་བཅས་པ། མི་གཡོ་བའི་འཁོར་ལོ་ཞེས་པའི་རྒྱ་གཞུང་། མི་གཡོ་བའི་བསྟོད་པ་རྒྱུད་ལས་ཕྱུང་བ། གཏོར་ཆེན་ལོ་རྒྱུས་དང་བཅས་པ། སྤྱོད་འཇུག་གི་འགྲེལ་པ་འདི་རྣམས་མཆན་ཡོད་མཆན་བཅས་ལེགས་པར་ཐོས་སོ། ༈ །རྗེ་བཙུན་རིན་པོ་ཆེའི་བཀའ་འབུམ་གྱི་ཆོས་ཀྱི་རྣམ་གྲངས་ལ། ཐོག་མར་ལམ་འབྲས་བརྒྱུད་པའི་གསོལ་འདེབས་རྒྱས་པ་བླ་མ་རྡོར་འཛིན་མར་གྲགས་པ།
ལམ་འབྲས་བརྒྱུད་འདེབས་ཆུང་ངུ་། སློབ་དཔོན་རིན་པོ་ཆེ་སྐུ་གཤེགས་དུས་སྨྲེ་བསྔགས་སུ་བསྟོད་པ། ཡང་སློབ་དཔོན་རིན་པོ་ཆེ་ལ་བསྟོད་པ་ཁྱོད་ཉིད་དམ་པ་མ། ཚངས་སྤྱོད་མ། རྗེ་ས་ཆེན་གྱི་རྣམ་ཐར་གསན་ཡིག་མར་གྲགས་པ།
བླ་མ་བསྟེན་པའི་ཐབས་ལྔ་བཅུ་པའི་གསལ་བྱེད།བླ་མ་ལྔ་བཅུ་པའི་ཊཱིཀྐའང་ཟེར།
ཚར་གསུམ་ཁུག་པ། བྲས་སྟོན་ཞུས་ལན། འགྲེལ་པ་དག་ལྡན། རྒྱུད་གསུམ་གྱི་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང་། སྟོང་ཐུན་ས་བཅད་ཚུལ་བཞིའི་བསྡུས་དོན། རྒྱུད་སྡེའི་དུམ་བུ། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་བསྡུས་དོན། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་