R382: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རིགས་ལྡན་འཇམ་པའི་དབྱངས་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག་མཆེད་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༠ན
[A:༡༠ན]རིན་ཆེན།
དགེ་བའི་བཤེས་གཉེན་བཀའ་གདམས་པའི་དྲིས་ལན།
ནམ་མཁའ་འབུམ།
སྙི་མོ་སྒོམ་ཆེན་གྱི་དྲིས་ལན། ཕྱག་རྒྱ་ཆེན་པོ་བདུན་ལྡན་གྱི་ཡི་གེ ཐུན་མོང་དང་བྱེ་བྲག་ཏུ་བསྔོ་བ།
བསྔོ་བ་ཡོན་བཤད་མའང་ཟེར།
ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པའི་ཁ་སྐོང་། གུར་སྟོན་གྱི་ཞུས་ལན།
འགྲེལ་པ།
དབུས་གཙང་མངའ་རིས་ཀྱི་སྡེ་དཔོན། དགེ་བཤེས་རྣམས་ལ་སྤྲིངས་ཡིག་
བོད་ཁམས་སྤྱི་ལ་སྤྲིངས་ཡིག་ཀྱང་ཟེར།
མཆན་ཡོད་མཆན་བཅས་རྣམས་ལེགས་པར་ཐོས་སོ། །དེ་དག་གི་བརྒྱུད་པ་ནི། ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བསོད་ནམས་དཔལ། བླ་མ་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་འཛིན། ཆོས་རྗེ་བྱང་སེང་པ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། ས་ལོ་འཇམ་པའི་རྡོ་རྗེ། ཡོངས་འཛིན་དཀོན་མཆོག་ལྷུན་གྲུབ། བསྟན་པའི་གསལ་བྱེད་ངག་དབང་ཀུན་དགའ་རིན་ཆེན། གྲུབ་པའི་གཙུག་རྒྱན་པདྨའི་རྣམ་འཕྲུལ་བསོད་ནམས་དབང་པོ། མཁན་ཆེན་ཆོས་ཀྱི་རྗེ་རཏྣ་དྷྭ་ཛ། དཔལ་ས་སྐྱ་པ་ཆེན་པོ་གྲུབ་ཆེན་མཐུ་སྟོབས་དབང་ཕྱུག དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །འཕགས་པ་རིན་པོ་ཆེའི་བཀའ་འབུམ་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། ཐོག་མར་ལམ་འབྲས་བླ་མ་བརྒྱུད་པའི་ཕྱག་མཆོད།
ལམ་འབྲས་བརྒྱུད་པའི་གསོལ་འདེབས་ཀྱང་ཟེར།
རྒྱུད་འགྲེལ་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས།
རྒྱུད་ཀྱི་བརྒྱུད་འདེབས་ཀྱང་ཟེར།
ཤེས་རབ་བློ་འཕེལ་གྱི་བླ་མ་བརྒྱུད་པའི་གསོལ་འདེབས།
བ་རི་