R382: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རིགས་ལྡན་འཇམ་པའི་དབྱངས་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག་མཆེད་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༡བ
[A:༡༡བ]འཇུག དེའི་སྒྲུབ་ཐབས་སྙིང་པོ་གསལ་བ། དེའི་མཆོད་ཕྲེང་ཀུན་བཟང་མཆོད་སྤྲིན། དེའི་སྦྱིན་སྲེག་སྡོམ་ཚིག དེའི་སྦྱིན་སྲེག་རྒྱས་པ།
ལས་བཞིའི་སྦྱིན་སྲེག་ཀྱང་ཟེར།
དྲིལ་བུ་ལུས་དཀྱིལ་སྒྲུབ་ཐབས། ལཱུ་ཧི་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་རིམ་པ་གསལ་བ། ཡང་དེའི་སྒྲུབ་ཐབས་བསྡུས་པ། ཚོགས་འཁོར། བདེ་མཆོག་གི་རྒྱུན་བཤགས།
ཚོགས་བསགས་བཅུ་གསུམ་པའང་ཟེར།
བདེ་མཆོག་ལྷ་ཚོགས་ལ་བསྟོད་པ། རྡོ་རྗེ་དྲིལ་བུའི་དབང་གི་བྱ་བ་མདོར་བསྡུས། དྲིལ་བུ་ལུས་དཀྱིལ་གྱི་བདག་འཇུག འཁོར་ལོ་བདེ་མཆོག་གི་རྣལ་འབྱོར་བསྒོམ་རིམ།
རིམ་ལྔའི་མན་ངག་ཀྱང་ཟེར།
འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས།
ཡབ་ཡུམ་བདེ་ཆེན་ལྷ་མོ་བཞི།
བདེ་མཆོག་ལྷན་སྐྱེས་སྒྲུབ་ཐབས་ཡན་ལག་བཅུ་པ། བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག འཁོར་ལོ་བདེ་མཆོག་གི་བཀྲ་ཤིས། རིན་ཆེན་རྡོ་རྗེས་མཛད་པའི་ཚིག་སྣ་རིང་ཐུང་དང་། སྲུང་འཁོར་བཀྲ་ཤིས་འཕགས་པས་ཁ་བསྐངས་པ། རྒྱལ་པོ་ཇིམ་གྱིམ་དང་གོ་གོ་ཆེན་ལ་གནང་བའི་བཀྲ་ཤིས་ཚན་པ་གཉིས། ཕག་མོ་ལྷ་སོ་བདུན་མའི་བསྒྲུབ་ཐབས། ནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས། བདེ་མཆོག་སྲུང་འཁོར་གྱི་རྡོ་རྗེ་ཕོ་ཉ་དྲུག་ཅུའི་བསྟོད་པ།
སྒོ་མཚམས་མ་བརྒྱད་ཀྱི་བསྟོད་བསྐུལ་ཡང་ཟེར།
སྒྱུ་མ་ཆེན་མོའི་དཀྱིལ་ཆོག་དབང་རྣམ་པར་རོལ་པ། སྒྱུ་མ་ཆེན་མོའི་སྒྲུབ་ཐབས། སྒྱུ་མ་ཆེན་མོའི་ཚོགས་འཁོར། སྒྲོལ་མ་ལྷ་བཅུ་བདུན་མའི་སྒྲུབ་ཐབས། ཕྱག་འཚལ་ཉེར་གཅིག་མའི་ལྷ་མོའི་སྒྲུབ་ཐབས། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་ལུས་དཀྱིལ་གྱི་སྒྲུབ་ཐབས་སློབ་དཔོན་ཐམས་ཅད་