R382: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རིགས་ལྡན་འཇམ་པའི་དབྱངས་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག་མཆེད་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡བ
[A:༡བ] རྒྱ་གར་སྐད་དུ། ཤྲཱི་བྷུ་མི་པཎྜུ་སྡྱཱ་མ་བ་ལེ་ཤྭ་ར་སིདྡྷི་ཙཱུ་ཌཱ་ལཾ་ཀ་རེ་ན་མཿ བོད་སྐད་དུ། དཔལ་ལྡན་ས་སྐྱ་པ་མཐུ་སྟོབས་དབང་ཕྱུག་གྲུབ་པའི་གཙུག་རྒྱན་དེ་ལ་ཕྱག་འཚལ་ལོ། །བསྟན་པའི་རྩ་ལག་སྔགས་འཆང་ཆོས་རྗེ་ཡི། །ཐུགས་ཀྱི་སྲས་མཆོག་གྲགས་པའི་ཟླ་དབང་དེའི། །ཕྲིན་ལས་ཡར་ངོའི་ཆ་ཤས་ལྟར་གསལ་བའི། །སྐྱེས་མཆོག་དམ་པ་འཇམ་དབྱངས་སྐུ་མཆེད་རྒྱལ། །ཞེས་པའི་བསྟོད་ཡུལ་དམ་པར་གྱུར་པ་དཔལ་ས་སྐྱ་པ་རིགས་ལྡན་འཇམ་པའི་དབྱངས་སྐུ་མཆེད་ཞལ་རྣམ་པ་གཉིས་ཀྱི་དྲུང་དུ། དམ་པའི་ཆོས་ཀྱི་བཀའ་དྲིན་ནོས་པའི་ཚུལ་ནི། ཐོག་མར་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག་ལས། བཅོམ་ལྡན་རྡོ་རྗེ་གཞོན་ནུའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བསྐུར་བ་རྣམ་པར་དག་པ་ལན་མང་དུ་ཐོབ་པའི་བརྒྱུད་པ་ནི། དཔལ་ཆོས་སྐུ་ཀུན་ཏུ་