R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 118
[A:118]པ་ཀུན་དགའ་གཞོན་ནུ་ལ་གདམས་པ། བླ་མ་སངས་རྒྱས་རྒྱལ་མཚན་ལ་གདམས་པ་གཉིས། བྱང་ཆུབ་སེམས་དཔའ་བསོད་ནམས་རིན་ཆེན་ལ་གདམས་པ་ཤླཽ་ཀ་གཅིག རྒྱ་རོང་པ་བཀྲ་ཤིས་དཔལ་ལ་གདམས་པ། སྒྲུབ་པ་པོ་བློ་བཟང་ལ་གདམས་པ་གཉིས། ཉག་རོ་སངས་གྲགས་ལ་གདམས་པ། པཎྜི་ཏ་ནགས་ཀྱི་རིན་ཆེན་ལ་སྤྲིངས་པ། བལ་ཡུལ་ཡེ་རང་གི་པཎྜི་ཏ་ཤྲཱི་མ་ནོ་བོ་དྷི་ཡབ་སྲས་ལ་སྤྲིངས་པ། དཔོན་པོ་རྒྱལ་མཚན་དཔལ་ཡབ་ཡུམ་སྲས་བཅས་ལ་གདམས་པ། ཡ་ཚེ་རྒྱལ་པོ་ཧསྟི་རཱ་ཛ་ཡབ་ཡུམ་སྲས་བཅས་ལ་གདམས་པ། དེའི་སློབ་དཔོན་ལ་གདམས་པ་ཤླཽ་ཀ་གཅིག ཨ་ཡ་དབང་ཕྱུག་བཀྲ་ཤིས་ལ་གདམས་པ། དཔོན་རྒན་ཐར་པ་ཡེ་ཤེས་ལ་གདམས་པ། སློབ་དཔོན་བཟོད་ཆེན་ལ་བསྟོད་པ། ཕྱི་ནང་གི་ཡས་གཏམ། ཐེག་པ་ཆེན་པོའི་སྨོན་ལམ། གསེར་འོད་དམ་པ་ལས་བཏུས་པའི་སྨོན་ལམ། དེར་མ་ཐུས་པ་ཆོས་རྗེ་ཤར་པའི་རྣམ་ཐར། མངོན་བྱང་གི་བཤད་པ། བདེ་མཆོག་དྲིལ་བུ་པའི་རྣམ་བཤད། རྣལ་འབྱོར་རྒྱུད་ཀྱི་སྤྱི་རྣམ་རྩོམ་འཕྲོ། ཀྱཻ་རྡོ་རྗེའི་མངོན་རྟོགས་བསྡུས་པ། བཀའ་ཤོག་ཐོར་བུ་བ་ཁ་ཡར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། རྒྱལ་བ་ལྷ་མཆོག་སེང་གེ རྡོ་རྗེ་འཆང་སངས་རྒྱས་སེང་གེ ཐར་རྩེ་ནམ་མཁའ་དཔལ་བཟང་། རྩེ་གདོང་བདག་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན། འདྲེན་མཆོག་དཀོན་མཆོག་