R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 121
[A:121]གཏམ། ཀུན་མཁྱེན་ཤེས་རབ་བཟང་པོ་ལ་བསྟོད་པ་ངོ་མཚར་རབ་རྒྱས། མཁས་པ་ཆེན་པོ་གྲོ་ལུང་པ་དང་ཆ་གཙང་དན་གསུམ་ལ་བསྟོད་པ་རྣམ་རྒྱལ་པདྨོའི་ཕྲེང་བ། འགྲོ་མགོན་ཕག་མོ་གྲུབ་པ་ལ་བསྟོད་པ་བྱིན་རླབས་ཀྱི་ཆར་འབེབས། ཐུགས་དམ་གྱི་ལྷ་ཚོགས་ཀྱི་བསྟོད་པའི་སྐོར་ལ་རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་སྤོབས་པ་མི་ཟད་པའི་གཏེར། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་བསྟོད་པ་ཡོན་ཏན་རིན་པོ་ཆེའི་གཏེར་མཛོད། དཀོན་མཆོག་གསུམ་ལ་བསྟོད་པ་བྱིན་རླབས་ཀྱི་རྒྱ་མཚོ་རྣམ་པར་རོལ་པའི་སྤྲིན་གྱི་བཀོད་པ། ཐུབ་པའི་བསྟོད་པ་བྱིན་རླབས་ཀྱི་ཆར་སྤྲིན་རྣམ་པར་གཡོ་བ། འཕགས་པ་བྱམས་པ་ལ་བསྟོད་པ་མཁས་པ་དགའ་བའི་དབྱངས། སངས་རྒྱས་ཀླུ་དབང་ལ་བསྟོད་པ་རྣམ་པར་རྒྱལ་བའི་དབྱངས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་བསྟོད་པ་བྱིན་རླབས་ཀྱི་རྒྱ་མཚོ། སངས་རྒྱས་རབ་བདུན་ལ་བསྟོད་པ་ཆོས་ཀྱི་རྔ་སྒྲ། དེ་བཞིན་གཤེགས་པ་འཆི་མེད་རྔ་སྒྲ་ལ་བསྟོད་པ་འཆི་མེད་མཛོད། ཐུགས་རྗེ་ཆེན་པོ་ཁརྶ་པ་ཎི་ལ་བསྟོད་པ་བྱིན་རླབས་ཀྱི་ཆར་སྤྲིན། ཚེ་དཔག་མེད་གྲུབ་པའི་རྒྱལ་མོ་ལ་བསྟོད་པ་འཆི་མེད་རྔ་སྒྲ། མཁའ་འགྲོ་མ་རྨེ་བརྩེགས་ལ་བསྟོད་པ་བྱིན་རླབས་ཀྱི་ཆར་འབེབས། མཁའ་སྤྱོད་དཀར་མོ་ལ་བསྟོད་པ་བྱིན་རླབས་ཀྱི་རྣམ་རོལ་དང་། རིན་ཆེན་རྒྱན་ཕྲེང་གཉིས། མཁའ་སྤྱོད་དམར་མོ་ལ་བསྟོད་པ་སྙན་པའི་སྒྲ་དབྱངས། ཡེ་ཤེས་ཀྱི་མཁའ་འགྲོ་ནཻ་གུ་ལ་བསྟོད་པ་བྱིན་རླབས་མྱུར་མགྱོགས། རྡོ་རྗེ་ཕག་མོ་ལ་བསྟོད་པ་བྱིན་རླབས་ཆར་རྒྱུན། དཔལ་གསང་བ་འདུས་པ་ལ་བསྟོད་པ་བྱིན་རླབས་རྒྱ་མཚོའི་