R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 123
[A:123]པ་ཕུལ་དུ་བྱུང་བའི་རྔ་སྒྲ། ཕར་ཕྱིན་དྲུག་གི་ཡོན་ཏན་བརྗོད་པ་ཚོགས་གཉིས་ལ་སྤྲོ་བ་བསྐྱེད་པའི་གཏམ། བསླབ་པ་གསུམ་གྱི་ཡོན་ཏན་བརྗོད་པ་ཐར་པའི་ས་འཛིན་དག་སྣང་རྒྱས་པ་འོད་ཀྱི་ཕྲེང་བ། རྨད་དུ་བྱུང་བའི་སྨོན་ལམ་གྱི་གཏམ། ཁྲིད་ཆེན་དང་། སྡེ་སྣོད་སོ་སོའི་བརྒྱུད་པ་ལ་བསྟོད་པའི་སྐོར་ལ། ནཻ་གུ་ཆོས་དྲུག་གི་བརྒྱུད་པ་རིན་ཆེན་སྣ་བདུན་ལ་བསྟོད་པ་གངྒཱའི་ཆུ་རྒྱུན། ནཱ་རོ་ཆོས་དྲུག་གི་བླ་མ་བརྒྱུད་པ་ལ་བསྟོད་པ་བྱིན་རླབས་གནད་ཀྱི་ཟླ་ཟེར། ཞི་བྱེད་བརྒྱུད་པའི་བླ་མ་རྣམས་ལ་བསྟོད་པ་རྨད་དུ་བྱུང་བའི་ཕྲེང་བ། དམ་ཆོས་མངོན་པའི་བླ་མ་བརྒྱུད་པའི་བསྟོད་པ་བློ་གྲོས་ཀྱི་པདྨོ་རྒྱས་པར་བྱེད་པའི་ཉི་མ། གནས་ཆེན་རྣམས་ཀྱི་བསྟོད་པའི་སྐོར་ལ། རྒྱ་གར་རྡོ་རྗེ་གདན་ལ་བསྟོད་པ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པ། རྒྱ་གར་གྱི་ཤྲཱི་ན་ལེནྡྲ་ལ་བསྟོད་པ་སྙན་པའི་རྔ་སྒྲ། བྱ་རྒོད་ཕུང་པོའི་རི་ལ་བསྟོད་པ་སྙན་པའི་སྒྲ་དབྱངས། དགའ་ལྡན་གྱི་ལྷ་གནས་ལ་བསྟོད་པ་ཕུལ་དུ་བྱུང་བའི་རྔ་སྒྲ། རྒྱ་ནག་རི་བོ་རྩེ་ལྔ་ལ་བསྟོད་པ་ཕུལ་དུ་བྱུང་བའི་སྒྲ་དབྱངས། རི་བོ་གྲུ་འཛིན་ལ་བསྟོད་པ་བྱིན་རླབས་ཀྱི་རྔ་སྒྲ། བཀའ་སྲུང་རྣམས་ཀྱི་བསྟོད་པའི་སྐོར་ལ། གུར་གྱི་མགོན་པོ་ལ་བསྟོད་པ་རྔམ་པ་སྒྲ་སྒྲོག ཞལ་བཞི་པ་ལ་བསྟོད་པ་རྨད་དུ་བྱུང་བའི་སྒྲ་སྒྲོག ཨ་གོ་ར་ལ་བསྟོད་པ་བྱིན་རླབས་ཆར་འབེབས། ཕྱག་དྲུག་པ་ལ་བསྟོད་པ་དངོས་གྲུབ་གཏེར་མཛོད། དཀར་མོ་ཉི་ཟླ་ལ་བསྟོད་པ་མི་འཇིགས་པའི་གཏེར། པུ་ཏྲ་ལྕམ་སྲིང་ལ་བསྟོད་པ་སྙན་པའི་རྔ་ཆེན། བདུད་རྒྱལ་ཐོད་ཕྲེང་ལ་བསྟོད་པ་མཐུ་སྟོབས་སྐྱེད་བྱེད། ཕྱག་བཞི་པ་ལ་བསྟོད་པ་རྣམ་པར་རྒྱལ་བའི་བསྟོད་