R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 125
[A:125]བསོད་ནམས་ལའོ། །རོང་སྟོན་གྱི་རྣམ་ཐར་པཎ་ཆེན་ཤཱཀྱ་མཆོག་ལྡན་པས་མཛད་པའི་ལུང་ཡང་ཐོས། ༈ །ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་འབུམ་གྱི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་སྒྲ་རྒྱན་མེ་ཏོག་དཀར་པོའི་ཕྲེང་བ། ཡང་དེ་ལ་བསྟོད་པ་དངོས་གྲུབ་ཀུན་འབྱུང་། དེ་ལ་གསོལ་བ་འདེབས་པ་བླ་མ་རྒྱང་འབོད། མུས་ཆེན་སངས་རྒྱས་རིན་ཆེན་ལ་བསྟོད་པ་དད་པའི་ཕོ་ཉ། དེ་ལ་གསོལ་བ་འདེབས་པ་བླ་མ་རྒྱང་འབོད། མཁན་ཆེན་བསོད་ནམས་ལྷུན་གྲུབ་ལ་བསྟོད་པ་ངོ་མཚར་མེ་ཏོག་གི་ཕྲེང་བ། དཔལ་ས་སྐྱ་ལོ་ཙཱ་བ་འཇམ་པའི་དབྱངས་ལ་བསྟོད་པ་དད་པའི་སྙེ་མ། དེ་ལ་གསོལ་བ་འདེབས་པ་བླ་མ་རྒྱང་འབོད། རྩ་བའི་བླ་མ་ངོར་མུས་ས་གསུམ་ལ་གདུང་དབྱངས་ཀྱི་སྒོ་ནས་གསོལ་བ་འདེབས་པ་སྙིང་གི་ཐིག་ལེ། ཡང་དེ་གསུམ་ལ་གདུང་དབྱངས་ཀྱི་སྒོ་ནས་གསོལ་བ་འདེབས་པ་དད་པའི་གསལ་འདེབས། མཁན་ཆེན་ཐམས་ཅད་མཁྱེན་པ་ལ་ཕུལ་བའི་ཞུ་ཡིག བདག་ཆེན་འཇམ་པའི་དབྱངས་ལ་ཕུལ་བའི་ཞུ་ཡིག ཡུལ་ཁྱད་པར་ཅན་རྣམས་ལ་མཆོད་བརྗོད་ཀྱི་ཚིགས་བཅད་ངག་གི་འདོད་འཇོ། ཕུད་མཆོད་དགོས་འདོད་ཀུན་འབྱུང་། རྣལ་འབྱོར་དབང་ཕྱུག་གི་སྐུའི་རྣམ་འགྱུར་དྲུག་ལ་ནང་གི་རྣམ་དག་དང་མཐུན་པར་བསྟོད་པ། རྡོ་རྗེ་འཆང་ལ་སྙན་ངག་འཁོར་ལོའི་སྒོ་ནས་བསྟོད་པ་བདུད་རྩིའི་འོད་ཅན། རི་ཁྲོད་པ་ཀུན་དགའ་མཆོག་ལྡན་ལ་བསྟོད་པ་བྱིན་རླབས་མྱུར་འཇུག རྗེ་ལྷ་མཆོག་སེང་གེ་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ། མཁས་པ་ལྷ་དབང་བློ་གྲོས་ལ་བསྟོད་པ་རིན་