R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 13
[A:13]མཚན། མཁན་ཆེན་བསོད་ནམས་ལྷུན་གྲུབ། རྗེ་ལྷ་མཆོག རྗེ་བུདྡྷ་སིངྷ། རྗེ་ནམ་མཁའ་དཔལ་བཟང་། ཤར་ཆེན་ཀུན་དགའ་བཀྲ་ཤིས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ལྷ་མཆོག་སེང་གེ་ནས། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་དཔལ། ཤར་ཆེན། སྤྱན་སྔ་རིན་པོ་ཆེ་མན་འདྲ། ཡང་ན་ལྷ་མཆོག་སེང་གེ བུདྡྷ་སིངྷ། ཤར་ཆེན། སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཞེ་སྡང་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་གཤིན་རྗེ་གཤེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། བིརྺ་པ།
སཽ་མ་པུ་རི།
ཌོམྦྷི་ཧེ་རུ་ཀ
ཧ་ཌ་ཀཾ་ཀ
བི་ར་ཌི་བ།
དེ་བི་ཀོ་དྲི།
མ་ཏི་གརྦྷ།
བློ་བཟང་སྙིང་པོ།
གམྦྷི་ར་མ་ཏི།
ཛ་གད་ཧི་མ།
ནིསྐ་ལངྐ་དེ་བ།
པཎ་གོས་དཀར།
ར་ཝེནྟྲ།
ཧི་མ་ཡ།
ཆག་ལོ་ཙཱ། གོ་ལུང་པ་མདོ་སྡེ་དཔལ། གཤོང་ལོ་ཙཱ་བ་བློ་ལྡན། བླ་མ་ལོ་ཙཱ་བ་མཆོག་ལྡན། བླ་མ་བསོད་ནམས་དབང་ཕྱུག བྱ་སྡེར་བ་བྱང་ཆུབ་རིན་ཆེན། རྭ་ག་བྲག་པ་ཤཱཀྱ་སེང་གེ ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། རྗེ་ཀུན་དགའ་དབང་ཕྱུག རྗེ་དཀོན་མཆོག་འཕེལ་བ། རྗེ་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ རྗེ་ནམ་མཁའ་དཔལ་བཟང་། ཤར་ཆེན་ཀུན་དགའ་བཀྲ་ཤིས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། ཡང་