R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 45
[A:45]བཞིའི་ཐན་འགྱེད་ཀྱི་མན་ངག སྤར་སྤུའི་མན་ངག ལྷ་དགུའི་ནོར་སྒྲུབ་ཐུན་མོང་མ་ཡིན་པ། རྫས་ཀྱི་སྒོ་ནས་བསད་པའི་སྦྱོར་བ། རྡོ་ནག་ཡིད་དམར་གྱི་སྒྲུབ་མཐུ། ཁང་སེར་ནག་པོ། དགྲ་བོ་ཟླ་བ་གཅིག་ལ་བསད་པའི་བྲམ་ཟེ་མཛེ་ཕོ་ནག་པོའི་མན་ངག དགྲ་བོ་ཀླུ་ལ་གཏད་པ་གཉན་གྱི་ན་ག་སྟོབས་འཕྲོག མོན་པ་ནག་པོ་ནོར་གཤེར་གྱི་མན་ངག ཟངས་ཁབ་དམར་པོའི་བསད་ལས། སྲེག་བྱེད་མེའི་སྦྱོར་བ། གཅུན་པའི་མཐར་ཐུག་སྡིག་པ་ནག་པོའི་འཁྲུལ་འཁོར་གྱི་ལས་སྦྱོར། མན་ངག་གནད་བརྒྱད་མ་སོགས་ཡིག་ཆུང་ཚན་པ་བཞི། གཉན་ལོས་མཛད་པའི་ལོ་རྒྱུས། ས་ཆེན་གྱིས་མཛད་པའི་སྒྲུབ་ཐབས། བསྙེན་སྒྲུབ་ལས་གསུམ་གྱི་ཁྱད་པར་གྱི་ཡི་གེ རྗེ་བཙུན་གྲགས་པས་མཛད་པའི་རྗེས་གནང་གི་ཡི་གེ བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་ནག་པོ་འགྲོ་ཤེས་དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པ། འཕགས་པ་རིན་པོ་ཆེས་མཛད་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསྙེན་པའི་མན་ངག མངོན་རྟོགས་དམར་ཆོས་ཀྱི་རྒྱལ་པོས་མཛད་པ། བསྙེན་སྒྲུབ་ལས་གསུམ་གྱི་ལས་ཁྲིད་ནག་པོ་འགྲོ་ཤེས་གཟུངས་པས་མཛད་པ། དེས་མཛད་པའི་སྒྲུབ་ཁྲིད་བསྙེན་པའི་གོ་རིམ་གྱི་ཡི་གེ་ཡར་ཀླུང་པས་མཛད་པ། བསྙེན་སྒྲུབ་ལས་གསུམ་གྱི་སྤོག་ཆོག ཤི་ས་བསྟན་པ་དང་བཅས་པའི་མངོན་རྟོགས་གསལ་བྱེད་ཀྱི་ཞལ་གདམས་མཐར་ཐུག་ཡར་ཀླུང་པས་མཛད་པ། དེས་མཛད་པའི་གཏོར་མའི་ཞལ་གདམས། དེས་མཛད་པའི་ཞལ་གདམས། དེས་མཛད་པའི་བསད་ལས་ཀྱི་འཁོར་ལོའི་མན་ངག་མཁའ་འགྲོའི་ཁ་རླངས་ཅན་དུ་གྲགས་