[A:83]སྙན་བརྒྱུད་ལ། ནང་སྒྲུབ་ཀྱི་ཡང་ཡིག་ཉི་ཟླ་གའུ། ཁྲོ་བཅུ་རྒྱན་གྱི་བསྲུང་བའི་ཡང་ཡིག་ཐེག་ཆེན་ཟིལ་གནོན། དཔའ་བོ་རིགས་བཞི་དང་འབྲེལ་བའི་གཏོར་ཟློག ཆར་འབེབས་ཡང་ཡིག་འགྲོ་དོན་གསུམ་པ། དྲག་པོའི་ལུང་བསྟན་གསལ་བའི་མེ་ལོང་། བཀའ་སྲུང་དྲག་པོ་གསུམ་དྲིལ་གྱི་ཡང་ཡིག ཆོ་འཕྲུལ་སྤྲེ་ཐོད་མ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་སྤྱན་རས་གཟིགས། སྤྲུལ་སྐུ་པདྨ་འབྱུང་གནས། གཏེར་སྟོན་པདྨ་གླིང་པ། གཏེར་སྟོན་ཆེན་པོ་སྣ་ཚོགས་རང་གྲོལ། སྔགས་འཆང་ཚེ་བདག་རྡོ་རྗེ། ངག་གི་དབང་ཕྱུག་ཉི་ཟླ་བཟང་པོ། རྗེ་ངག་དབང་ཉི་མ། བླ་མ་ཀུན་དགའ་གཞན་ཕན་བཟང་པོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཐུབ་པའི་དབང་པོ་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཇོ་བོ་རྗེ། སེམས་ཙམ་རྣམ་བདེན་པའི་པཎྜི་ཏ། རྔོག་བྱང་ཆུབ་འབྱུང་གནས། པོ་ཏོ་བ། ཤ་ར་བ། འཆད་ཁ་བ། སེ་སྤྱིལ་ཕུ་བ། སྒན་མོ་ལྷས་པ་ཆེན་པོ། འཆིམ་གྲོ་མོ་ཆེ་པ། འཆིམ་ནམ་མཁའ་གྲགས། འཆིམ་བློ་བཟང་གྲགས། སློབ་དཔོན་སྦས་པ་སྟོན་གཞོན། ཆོས་སྐུ་བློ་གྲོས་འོད། མཁན་ཆེན་སེང་གེ་རྒྱལ་མཚན། བྱང་སེམས་ཆེན་པོ་ཤཱཀྱ་བསོད་ནམས། ཆོས་ཀྱི་རྒྱལ་པོ་བསོད་ནམས་ལྷའི་དབང་པོ། སྤྱན་སྔ་ངག་དབང་ཆོས་གྲགས། རིན་ཆེན་དཔལ་ལྡན་ཆོས་འབྱོར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །