[A:89]ལའོ། ༈ །ཀུ་རུ་ཀུལླེའི་ལོ་རྒྱུས། ཉམས་སུ་བླང་ཚུལ་སོགས་གཉན་ལོའི་ཨུ་པ་དེ་ཝ། རྗེས་གནང་གི་ཡིག་ལུང་རྣམས་ཐོབ། ༈ །ལྷ་མོ་ཏི་ནུ་མའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཀུ་རུ་ཀུལླེ། གཉན་ལོ། ཁའུ་པ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཡར་སྒོམ་སེ་བོ། རྒྱལ་ཚ་ལུང་མང་པོ། ཡོན་ཏན་ཁྲི། མཁན་ཆེན་སེང་བཟང་། ཡར་ཀླུང་པ་ཁུ་དབོན། ཕ་ཆོས་རྗེ་བྲག་ཐོག་པ་བསོད་བཟང་། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་མན་གོང་བཞིན། ༈ །མན་ངག་གཅེས་བསྡུས་ནས་ཕྱུང་བའི་སྒྲུབ་ཐབས། སྒྲུབ་ཐབས་དང་ལུང་འབོགས་པའི་ཡི་གེ་ཡར་སྒོམ་གྱི་གསུང་། ལུང་འབོགས་ཐབས་ཡར་ཀླུང་པས་མཛད་པ་རྣམས་ཐོས། ༈ །ནོར་རྒྱུན་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མའི་རྗེས་གནང་། དེའི་སྒྲུབ་ཐབས། ཞལ་ཤེས་རྒྱས་བསྡུས་གཉིས། རྗེས་གནང་གི་ཡི་གེ་རྣམས་ཐོབ་པའི་བརྒྱུད་པ་ནི་གོང་བཞིན་ནོ། །ཡང་ན་འདི་གསུམ་ཆར་གྱི་བརྒྱུད་པ་ནི། ཕ་ཆོས་རྗེ་བྲག་ཐོག་པ་བསོད་བཟང་། རྡོ་རྗེ་གདན་པ། བླ་མ་བློ་གྲོས་རྣམ་རྒྱལ། རྗེ་ཕྱོགས་ལས་རྣམ་རྒྱལ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག ཡབ་སྲས་དེ་གཉིས་ལ་རྗེ་དབང་ཕྱུག་རབ་བརྟན་གྱིས་གསན། དེས་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ག་ཡ་དྷ་ར་ནས་བརྒྱུད་པའི་ས་སྐྱ་པའི་ཛམ་དམར་སྲོག་སྒྲུབ་ཀྱི་རྗེས་གནང་ཡི་གེ་རྙིང་མའི་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། རྣལ་འབྱོར་དབང་ཕྱུག་བིརྺ་