R66: རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ།

  • Pagination (Witness A): 317
[A:317]ཟད་པ་མེད་ཅིང་ཆེས་ཆེར་འཕེལ་གྱུར་པའི༎ གསུང་རབ་ཀུན་ལ་སྦྱངས་པའི་ཐུགས་མངའ་ཁྱོད༎ བཅུ་ཕྲག་དྲུག་གི་དེས་པས་ཉེར་འཁྱུད་ནས༎ མིག་སྟོང་ལྡན་པའི་སྙིང་ལ་བདེ་སྟེར་བའི༎ དམ་ཆོས་འཆད་པའི་དབྱངས་ཀྱིས་ལྷ་རྣམས་ཀྱང༎ འཁོར་དུ་བསྡུ་བ་ཁྱོད་ལ་ཕྱག་འཚལ་ལོ༎ འདི་ལ་དོན་གསུམ་སྟེ།
1.2.5.1.1
དུས་ཇི་ཙམ་གྱི་བར་དུ་ཆོས་གསུངས་པའི་ཚུལ།
1.2.5.1.2
ཆོས་གང་དང་གང་གསུངས་པའི་རྣམ་གྲངས།
1.2.5.1.3
དེ་ཉིད་ཉམས་སུ་བླངས་པས་མཁས་བཙུན་བཟང་གསུམ་གྱི་སློབ་མ་ཇི་ལྟར་བྱུང་བའི་ཚུལ་ལོ༎
1.2.5.1.1
དུས་ཇི་ཙམ་གྱི་བར་དུ་ཆོས་གསུངས་པའི་ཚུལ། དང་པོ་ནི། དགུང་ལོ་ཉེར་གཉིས་པ་ལ། རྔོག་ལོ་ཆེན་པོའི་གདན་སར་སློབ་དཔོན་བློ་གྲོས་ཆོས་སྐྱོང་ལ་སོགས་པ་ཤེས་རབ་ཅན་ལྔ་ལ་ཚད་མ་རྣམ་པར་ངེས་པ་གསུངས་པ་ནས་བརྩམས་ཏེ། བརྒྱད་ཅུ་རྩ་གསུམ་པ་ལ་མྱ་ངན་ལས་འདས་པའི་བར་ཉིན་རེ་ལ། ཐ་ན་སློབ་མ་གཅིག་ཙམ་ལ་གཙུག་ལག་གི་ཚིགས་སུ་བཅད་པ་གཅིག་ཡན་ཆད་ཀྱི་ཆོས་ཀྱི་སྦྱིན་པ་མཛད་པར་དམ་བཅས་ཏེ། མདོར་ན་ལོ་དྲུག་ཅུ་རེ་གཉིས་ཀྱི་བར་དུ་དམ་པའི་ཆོས་ཀྱི་ཉན་བཤད་རྒྱུན་མ་ཆད་པར་མཛད་པའི་གནས་ནི། ཤར་ཕྱོགས་སུ་ཕག་མོ་གྲུ་དང། འབྲིང་ཁུང་ཐེལ་ཚུན་ཆད། ནུབ་ཕྱོགས་སུ་ལ་སྟོད་དིང་རི་གླང་འཁོར་དང། བྱང་ངམ་རིང་མན་ཅད། ལྷོ་ཕྱོགས་སུ་ཡར་ལུང་གཡའ་བཟང་པ་དང། ཡ་འབྲོག་སྣ་དཀར་ཚུན་ཅད། བྱང་ཕྱོགས་སུ་བྱང་རྭ་སྒྲེང་དང། གནམ་རྩེ་ལྡེང་གི་གཙུག་ལག་ཁང་ཚུན་ཆད་དུ་གནས་ངེས་མེད་སྣ་ཚོགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ༎ དེ་ཡང་རྩ་བའི་གྲྭ་ས་དང། བཞུགས་གནས་ཀྱི་མཐིལ་ནི། རྡོ་རྗེ་གདན་གཉིས་པ་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་ཆེན་པོ་ཡིན་ལ། རྗེ་བཙུན་ཉིད་ཀྱི་དགུང་ལོ་བདུན་ཅུ་བཞེས་པ། བསྟན་བཅོས་པ་ལྟར་ན་མེ་ཕོ་འབྲུག་གི་ལོ་ལ་ཤྲཱི་ནཱ་ལིནྟྲའི་གཙུག་ལག་ཁང་གི་འགྲམ་