R70: རྗེ་བཙུན་ཆོས་ཀྱི་རྗེ་གླང་རི་ཐང་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་དུ་བྱ་བ་མོས་པའི་སྟོབས་རབ་ཏུ་བསྐྱེད་པ།

  • Pagination (Witness A): 433
[A:433]ནས་བཟུང་སྟེ། ཐུན་བཞིའི་རྣལ་འབྱོར་མཆོག་ལ་ཉི་མ་གཅིག་ཀྱང་མི་གཡེལ་བའི་སྒྲུབ་པ་དང། དད་པ་དང་བློ་གྲོས་མཆོག་ཏུ་གྱུར་པའི་སློབ་མ་མང་པོ་ལ་དབང་དང། ལུང་བཤད་མཐའ་ཡས་པའི་སྒོ་ནས། ཀུན་གྱིས་བཀུར་བར་འོས་པའི་བཤེས་གཉེན་ཆེན་པོའི་གོ་འཕང་བརྙེས་པའི་སྐབས་དེར། རང་ལོ་ལྔ་བཅུ་པ་ལྕགས་མོ་གླང་གི་ལོ་ལ། ས་སྐྱོང་ཆེན་པོ་དོན་ཡོད་རྡོ་རྗེ་དཔོན་བློན། སྡེ་པ་མང་པོའི་ཚོགས་དང་བཅས་པ། ཤྲཱི་ནཱ་ལེནྟྲའི་ཆོས་གྲྭ་ཆེན་པོར་བྱིན་རླབས་ཞུ་བ་དང། རྣམ་གཞག་རྒྱ་ཆེན་པོ་སྒྲུབ་པ་ལ་ཕེབས་པའི་དུས་དང། གནས་སྐབས་རྟེན་འབྲེལ་བསྒྲིགས། སྡེ་དགོན་པ་མཐའ་དག་བཀའ་བགྲོས་རྩེ་གཅིག་པ་ཉིད་དུ་གྱུར་ནས། རྗེ་ཐམས་ཅད་མཁྱེན་པའི་ཆོས་ཀྱི་གདན་སེང་གེའི་ཁྲི་ལ་སྤྱན་དྲངས་ཏེ། མི་ཆེ་དགུ་མཐའ་དག་ཚོགས། རྣམ་གཞག་གསེར་རིའི་ཕྲེང་བ་ལྟར་བསྒྲིགས་ཤིང་སྤུངས་ནས། བླ་མ་བརྒྱུད་པ་དང། རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་པའི་མེ་ཏོག་གི་ཕྲེང་བས་མངོན་པར་དབང་བསྐུར་བ་ཉིད་དུ་མཛད་དོ༎ འདི་ནི་ཕྲག་དོག་སྤྲིན་ཚོགས་ལས༎ རྣམ་གྲོལ་ཉི་མ་གསལ་པོ་ནི༎ ཞེ་སྡང་སྒྲ་གཅན་ཁ་རླངས་ཀྱིས༎ མ་སྒྲིབས་ཟླ་བ་ཇི་བཞིན་དུ༎ ལུང་མང་གསན་པ་རྒྱ་ཆེ་བ༎ དེ་ནས་ཀྱང་ནི་གཞུང་མང་ལ༎ བསླབ་སྦྱངས་མཐར་ཕྱིན་དབེན་པར་ནི༎ རྩེ་གཅིག་སྒྲུབ་པ་དེ་ཡ་མཚན༎ དེ་ལྟར་མང་དུ་གསན་པ་དང། ཚུལ་བཞིན་དུ་བླངས་པ་དང། རྣལ་འབྱོར་མཆོག་ལ་གོམས་པ་ཕྱུལ་དུ་ཕྱིན་པའི་སྟོབས་ཀྱིས། ཆེན་པོའི་གོ་འཕངས་ཇི་ལྟར་བརྙེས་པའི་ཚུལ་བརྗོད་ཟིན་ནས།
2
གཉིས་པ་
2.1
མདོ་སྔགས་ཀྱིས་ཆོས་ཇི་ལྟར་གསུངས་པ་དང།
2.2
དེའི་མཐུ་ལས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་ཇི་ལྟར་བྱུང་བའི་ཚུལ་དང།
2.3
བརྒྱུད་འཛིན་གྱི་བུ་སློབ་ཇི་ལྟར་བྱུང་ནས་བསྟན་པ་ཡུན་རིང་དུ་