R71: པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ།

  • Pagination (Witness A): 119
[A:119]གོས་མལ་ཐོགས་མེད་དེ་རང་ཧ་ལས་པ་བྱུང། པཎ་ཆེན་རིན་པོ་ཆེ་ལ་འབུལ་བའི་རྣམ་གཞག་བློ་ལས་འདས་པ་འདུག་ཀྱང་དེའི་ནང་ནས་ཙན་དན་དཀར་དམར་མིའི་རྒྱབ་ཁུར་ཐེག་ཚད་ཀྱི་སྡོང་པོ་གཉིས་དང། བྱི་རུའི་རྒྱལ་མོ་ལག་པ་ཡལ་ག་སུམ་ཅུ་སོ་བདུན་ལ་དབངས་རྩེ་ཁུར་ལོངས་པ་ཞིག་སྣང་བ་དེ་ཀུན་ཡང་ངོ་མཚར་ཆེ་བར་འདུག་ཞུ་ཞེས་སྟག་ལུང་དུ་ཐོས་སོ༎ དེར་གཡས་རུ་བྱང་ནས་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་པས་དུས་འཁོར་སྨན་དཔྱད་སྐོར་ལ་དྲི་བ་དུ་མར་གནང་བའི་ལན་འབུལ་བ་དང། ད་ངེད་ཀྱང་ལོ་བརྒྱད་བཅུ་གྱ་གཉིས་སྟེངས་སུ་སླེབས། ཉི་མ་གངས་ཐོག་ཏུ་འཁྱོལ་བ་ཡིན་པས་ཕྱིས་མཇལ་བའི་སྤྲོས་པ་མེད། ད་རེས་ཅིས་ཀྱང་མཇལ་བའི་ཐུགས་ཚམ་དོར་ངོས། ལམ་བྱང་ཕྱོགས་ལ་འབྱོན་དགོས་གསུང་ནས་ཕེབས་ལམ་བྱང་ལ་གནང་ཞིང། དེར་ཆོས་རྒྱལ་བཀྲ་ཤིས་མགོན་པས་མར་ལམ་པཎ་ཆེན་རིན་པོ་ཆེ་ལ། ནང་རས་པར་མ་ཁྲོ་མོ་ལེགས་པོས་བྱས་ཕྱི་སོ་བ་འགའ་ཇི་དཀར་པོས་བྱས་པའི་གུར། ཡོལ་གཅོད་ཀྱི་ཕུགས་སུ་གཟིམ་ཆུང་དང་བདེ་སྤྱོད་ཉིས་སྦྲག། མདོར་ཡོལ་བ་ཕྱོགས་གང་གསལ་དེ་ལ་གཡབ་ཁ་ཕྱོགས་དེར་བསྟན། ཡོལ་སྐོར་གནང་དུས་གཟིམས་ཁང་ཀ་བཞི་ཡངས་པ་ཙམ་གྱི་ཁྱོན་ཀ་བ་སོགས་ཆེར་མི་དགོས་པའི་འཕྲུལ་རྒྱ་གར་བཟོ་ཁྱད་འདོན་ཞིག་ཕུལ་བས། མཐོང་བ་ཀུན་བློ་འདས་ཀྱི་ཡ་མཚན་དུ་བྱེད་ཅིང། ཕྱིས་གསེར་མདོག་ཅན་གྱི་གོས་སྐུ་གཡེད་ཅན་བསྒྲུབ་ནས་རབ་གནས་གནང་དུས་ཡོ་ཡ་མཚན་དུ་སྒྲོག་ཅིང། སློབ་དཔོན་མྱ་རམ་པའི་ཞལ་ནས། སྔོན་གློ་བོ་ནས་ཕུལ་བའི་རས་གུར་ཁྱད་འདོན་དེ་ཀུན་ཁྱེད་ཚོསvc: or: chos?མ་མཐོང་བ་ཡིན་ཡོད། ང་ལ་ནི་གོས་སྐུ་བཀྲམ་པ་དེ་ལ་ཐང་ཀ་ཆེན་པོ་ཞིག་གི་མཐོང་ལས་མེད་གསུངས་པས་དེར་ཚོགས་ཀུན་བཞད་ཆ་བྱུང་ཞིང། དེར་པཎ་ཆེན་རིན་པོ་ཆེའི་ཞལ་ནས། སྔོན་གྱི་དེ་ལ་