[A:142]རས་ཡོལ་རྙིང་པ་དེས་བཅད། གསུང་ཆུང་ཆུང་གིས། ད་ཕོ་ལོ་བརྒྱད་ཅུ་གྱ་གཉིས་ལོན་པས་འཆི་རན་པ་ལགས། ངེད་ཤི་བ་དང་ཁོང་བྱམས་ཆོས་པ་བོས་ལ། རོ་འདི་ཕོ་ཚིར་སྲེགས་མཛོད༎ རྒྱབ་འདི་ན་ཇ་སིགས་གཉིས་ཡོད་པ་ལ་མང་ཇ་མཛོད། ཁྱེད་ལ་མི་ཀུན་ས་སྐྱ་པ་མིན་ཟེར་མི་འདུག་ཟེར་བས་ཆོས་རྒྱལ་མ་རེ་ཚོགས་སུ་ཐོན་མཛོད་གསུང། ད་བཀའ་བགྲོས་གྲོལ་བ་ཡིན་པས་རྒོངས་ཆོས་ལ་གཤེགས་མཛོད་ཅིག་གསུང་ནས། སླར་ལམ་མི་འཆག་ལ་བྱ་རྒོད་ཕུང་པོའི་ཆོས་ཁྲིར་ཕེབས། དེར་གང་བློ་མ་སོགས་བཏོན་རྗེས་རང། ག་རེ་དི་རིང་འདི་ལྟར་བཀའ་ལུང་འབྱོན་གྱིན་འདུག། ན་ནིང་ཤེད་ཀྱང་རྒོངས་མོའི་ཆོས་སྤྱོད་ཚུགས་ཙམ་ལ་ཕེབས་བྱུང་ནས། རང་རེས་ཁྲི་ཁ་ནས་ལངས་ཕྱག་བྱས། འདིར་བཞུགས་ནས་གྲྭ་པ་སྔར་བཀའ་འབྲེལ་མ་ཐོབ་པའི་གསར་བུ་རྣམས་ལ་སྒྲོལ་མའི་ལུང་ཞིག་ཐུགས་རྗེས་འཛིན་དགོས་ཞུས་པས། ངེད་དེར་མི་སྟོད་འདི་ནས་བྱེད་གསུང། འདུ་ཁང་རྙིང་པའི་སྐས་ལ་ཐེགས་ནས་གཡབ་ཀའི་སྟེངས་ནས་ཚོགས་པ་ཞལ་བསྟན་ནས། འོ་སྔོན་འཕགས་པ་སྤྱན་རས་གཟིགས་ཀྱིས་བཤུམས་ཟེར་བར་གདའ། དེའི་སྤྱན་ཆབ་ལས་འཕགས་མ་ལྷ་མོ་སྒྲོལ་མ་འཁྲུངས་པ་ལགས་སོ་གསུང། ཕྱག་འཚལ་ཉེར་གཅིག་གི་ལུང་གནང་དུས་ཁྱེད་ཚོ་བཞད་ཆ་བྱེད་པར་སྣང་ཡང། ངེད་དོགས་པ་ཆེན་པོ་ཟོས་བྱུང། དེ་ལོ་གྲྭ་པ་དུ་མ་དགོས་མེད་དུ་ཆུས་ཁྱེར་སོང། ད་ཡང་ཅི་ཆ་འཇིགས་རང་འཇིགས་སོ༎ གྲུབ་པའི་སྤྱོད་པ་ལ་ཅི་ཡང་འཆར། མཚར་པོ་སྣང། ལར་རྒན་པོ་བྱིས་པ་འདྲ་ན་བཞེད། དེ་རང་ཡིན་གསུང་ནས་སྤྱི་ཆོས་སྩལ་བས། བདག་གི་བླ་མ་རྗེ་བཙུན་ཀུན་དགའ་མཆོག་གྲུབ་དང། དྲུང་བཙུན་ཤེས་རབ་དཔལ་འབྱོར་སོགས་ཀྱིས་ལུང་བསྟན་ལ་ཚད་མར་གཟུང་ནས་དགོན་པའི་འདུ་ཤེས་ཀྱིས་གསོལ་ཇ་ཡང་ཡང་ཞུ་བ་དང་མཇལ་བ་