R71: པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ།

  • Pagination (Witness A): 147
[A:147]གནང། དེ་སྐབས་གྲུབ་ཐོབ་གྱི་གསུང་ཡིན་པས་ཏིག་ཏིག་ནི་མེད། སྔོན་མི་ལ་རས་པའི་ཞལ་ཆེམས་ཀྱི་ཡི་གེ་འདྲ་བ་ཞིག་ཀ་ཨེ་ཡོད་ཡིན་ནའང་བཀའ་བཅག་ཏུ་མི་རུང་བས། སྐུ་རྒྱབ་ཕྱོགས་ཀྱི་ས་བ་དེའི་ནང་ན་ཅི་འདུག་ལྟོས་ཤོག་གསུང་ནས། དྲུང་ཆེན་སངས་རྒྱས་སེང་གེ་བ་དང། དགེ་བཤེས་བསམ་གཏན་པ་གནང། ཁོང་གཉིས་པོས་གཟིགས་དུས་ཇ་སིགས་བཟང་བ་གཉིས་དང། གོས་ཡུག་གསེར་ཞོ་བཞི། དར་ཁ་འགའ་རེ་འདུག་པ་ཕུལ་བའི་མོད་ལ། པཎ་ཆེན་རིན་པོ་ཆེ་སྤྱན་ཆབ་གཡོས། དེར་ཚོགས་ཀུན་ལུས་འཇིག་པ་ཙམ་གྱི་ཟུག་རྔུའི་ངེས་འབྱུང་སྐྱེས་ཤེས། དྲུང་བཙུན་ཤེས་རབ་དཔལ་འབྱོར་བའི་གསུང་ལས་ཐོས། དེར་སྔར་གྱི་བཀའ་ལྟར་ཇ་རྣམས་མང་ཇ་གནང། གོས་ཆེན་དེ་སྐུ་གདུང་བཞུ་མི་ལ་འབུལ་བ་མཛད་ཅིང། གདུང་ཚ་ཨ་མོ་གྷ་ཤྲཱིའི་རྟགས་ཅན་གསེར་གྱི་ན་བཟའ་སྟོང་རྭ་ཙམ་བཏབ་ནས་ཕྱོགས་བཅུར་མོས་རྟེན་དུ་བཀྱེ། སྐུ་གདུང་བྱིན་རྟེན་བཞེངས་ཅིག་ཨེ་གྲུབ་ལྟ་གསུང་ནས་ཕྱག་རྟགས་ཀྱིས་སྤྲས་ཏེ་མཆོད་ཡུལ་དུ་བཞུགས་སོ༎ སྣ་ཚོགས་སྨྲ་བ་ལྷུར་ལེན་ཁ་བའི་ལྗོངས༎ འོན་ཐོས་ངོ་ཐོན་སྒྲོག་པའི་གངས་ཅན་པ༎ སྦྱངvc: or: spyang?གླང་སྤྲེའུའི་ཟློས་གར་བསྟན་འཛིན་རྣམས༎ ཅི་སྨྲ་ཁུངས་ཀྱིས་འཕོངས་པའི་མཚར་གཏམ་གླེང༎ སེང་གེའི་ཕྲུ་གུར་གླང་པོ་སྐྱེས་ལྟའི་ཚུལ༎ གང་ཡིན་མིན་མཚོན་གྲུབ་མཐའི་བཞེད་དོན་མཁན༎ ཟོལ་སྦྱོར་གཅམ་བུའི་རང་སྣང་ཡིད་བདེ་བ༎ མ་བརྟགས་གཅིག་པུར་ཉམས་དགའ་བླུན་མོའི་གཤིས༎ དྲེགས་ལྡན་མཁས་པས་དཔྱད་ཚེ་སྙན་རྒྱུད་ཅེས༎ མདོ་རྒྱུད་རྒྱང་དུ་འཕངས་པའི་ལོག་ཤེས་ཀྱིས༎ རྒྱན་དྲུག་ལས་བཟློག་ལེགས་བཤད་ཡུས་པོ་ཆེ༎ མཁྱེན་ཡངས་སུ་ཡི་ཡིད་ལ་ཚད་མར་འཛིན༎ རང་ཚིག་ཙམ་ལའང་ཞིབ་མོར་དཔྱོད་པའི་སྲོལ༎ རིང་དུ་དོར་ནས་སྣ་ཚོགས་གཟིགས་པའི་སྤྱན༎ རྒྱང་