R72: ཆོས་ཀྱི་འཁོར་ལོ་བསྐོར་བའི་རྣམ་གཞག་ཇི་ལྟར་གྲུབ་པའི་ཡི་གེ་གཟུ་བོར་གནས་པའི་མཛངས་པ་དགའ་བྱེད།

  • Pagination (Witness A): 473
[A:473]མ་རིན་ཆེན་གཉིས་དང། བཀའ་བཅུ་སྨྲ་བ་རྣམས་ཀྱི་ནང་ནས་རྒྱ་མཁར་ཀ་བཅུ་པ་དགེ་ལེགས་དཔལ་ཏེ། འདི་དག་ལ་ཙོང་ཁ་པ་ཡབ་སྲས་གསུམ་ཞེས་གྲགས་པ་དེས། སྔོན་བོད་ཀྱི་བཤད་རྒྱུད་པ་དང་སྒྲུབ་རྒྱུད་པ་མཐའ་དག་ལས་ལོགས་ཤིག་ཏུ་མདོ་སྔགས་གཉིས་ཀའི་ཤིང་རྟའི་སྲོལ་ཆེན་པོ་དང་པོར་འབྱེད་པ་དང། བར་དུ་འཛིན་པ་དང། ཐ་མར་ལུགས་སྔ་མ་དག་ཁྱད་དུ་བསད་པའི་གཏམ་ཆེན་པོས་མཐར་ཕྱིན་པར་མཛད་ཅིང། ཆོས་ཀྱི་གཏམ་དེ་དག་ཡང་གློག་པ་པ?ཀློག་པ་པ་མཐའ་དག་གི་སྔོན་གྱི་བག་ཆགས་དང་མཐུན་པར་སད་པས་གངས་ཅན་གྱི་ལྗོངས་པ་ཕལ་ཆེ་བ་ལ་ཁྱབ་པར་གྱུར་པ་ཡིན་ལགས། དེ་ཡང་དུས་རེ་ཤིག་གི་ཚེ། སྟོད་ལུང་གནམ་རྩེ་ལྡང་གི་གཙུག་ལག་ཁང་དུ་དབུས་གཙང་གི་སྡེ་བདག་སོ་སོས་འཐུན་རྐྱེན་ཕུལ་ནས། ལོ་ཙཱ་བ་སྐྱབས་མཆོག། རེད་འདའ་བ། བཙོང་ཁ་པ་ཆེན་པོ། ཆོས་རྗེ་རྣམ་གསུམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་ནས་བཀའ་དྲིན་ཆེའོ་ཞེས་གླེང་བ་དེ་ནི་མདོ་སྔགས་ཀྱི་བཤད་པ་མཛད་པ་ལ་འཕྲོས་ནས། བཙོང་ཁ་པ་ཆེན་པོས་ལམ་རིམ་རྣམ་པ་གཉིས་ཀྱིས་སྲོལ་འབྱེད་པའི་བཞེད་པ་དང་འཐུན་པར་ལོ་ཙཱ་བ་སྐྱབས་མཆོག་གིས་བསྐུལ་བ་དང། ཁྱད་པར་འདུལ་བའི་བཅའ་ཁྲིམས་ཀྱི་བསླབ་བྱ་ཡི་གེར་འབྲིས་ནས་ཆོས་གྲྭ་སོ་སོ་བ་རྣམས་སུ་རྣམ་པར་བཞག་པ་དང་བཅས་ཏེ། འདུལ་བའི་ཕྱག་ལེན་འདི་ལྟར་མཛོད་ཅིག་པའི་ཞུ་ཕྲིན་འབུལ་བའི་ཕོ་ཉ་བ་མངགས་པ་ལ་བརྟེན་ནས། དིང་སང་གི་བར་དུ་བྱིན་ལེན་དང་ལག་ཉ་དང་མཚམས་བཅོས་དང་ཞག་ལོན་དང། གུང་ཚིགས་དང་སོག་འཇོག་དང། རུང་ཆུ་དང། སྔ་ཆབ་ཕྱི་ཆབ་དང། མཆིལ་ལྷམ་དང། ཆོས་གོས་ཀྱི་སྣམ་ཕྲན་དང། ཟླུམ་པོར་བགོ་བ་དང། གདིང་བ་དང། ཡན་ལག་སྨད་ལྔའི་ཕྱག་དང། ཞྭ་སེར་དང། ཟླ་ཁམ་དང། མྱོས་འགྱུར་ལ་བག་ཡོད་པར་