[A:༩༧ན]གསལ་བར་མཛད་དེ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་མ་འོངས་པ་ལུང་བསྟན་པ་ལས། ལོ་ཙཱ་སྐ་བ་དཔལ་བརྩེགས་ཁྱེད། །དཀར་ནག་རྒྱ་རུ་འགྲོ་དོན་བྱེད། །དེ་ནས་ཨུ་རྒྱན་གྷ་ན་རུ། །པདྨ་ང་དང་གྲོས་བསྟུན་ནས། །གཙང་གི་གྲོམ་པ་ཞེས་བྱ་བར། །འཁོན་གྱི་རིགས་གྱུར་ལུག་ལོ་པ། །དེ་ཡིས་སྡེ་སྣོད་བསྟན་པ་འཛིན། །འཕགས་པའི་མཚན་ཅན་གསང་སྔགས་སྐྱོང་། །མཐའ་མི་དེ་ཡིས་འདུལ་བར་གྱུར། །ཞེས་གསུངས་པ་ལྟར་མངོན་དུ་མཛད་དོ། །དེའི་ཕྱི་ལོ་རྒྱལ་པོས་ལྗང་ཡུལ་དུ་དམག་ལ་བྱོན་དུས། བླ་མ་འཕགས་པ་བྱང་ངོས་སུ་བྱོན་ཏེ་ཆོས་རྗེ་པའི་སྐུ་འབུམ་ལ་རབ་གནས་མཛད།
Ordination of 'Phags pa
དབུས་གཙང་དུ་བྱོན་ཏེ་ཆོས་རྗེ་པའི་གསུང་བཞིན་དུ་འུ་ཡུག་པ་ལ་བསྙེན་རྫོགས་ཞུ་བ་དང་། སྔར་མ་གསན་པའི་ཆོས་གསན་པར་དགོངས་ནས་མདོ་ཁམས་བར་བྱོན་པ་དང་། འུ་ཡུག་པ་གླང་ལོ་ལ་སྐུ་གཤེགས་ཞེས་ཕྱོགས་ཀྱི་འགྲུལ་པ་ལས་ཐོས་ནས་ཕྱིར་ལོག་སྟེ། རྒྱལ་པོ་ཚུར་བྱོན་པ་དང་ལྷན་ཅིག་ཏུ་རྒྱ་ཡུལ་དུ་བྱོན་ནས། རྒྱ་དང་ཧོར་ཡུལ་གྱི་མཚམས་ཐེ་ལེ་ཞེས་བྱ་བར་ཆུ་བོ་ཆེན་པོའི་འགྲམ། འུ་ཐོར་དགུང་ལོ་ཉེར་གཅིག་པ་ཤིང་མོ་ཡོས་ཀྱི་ལོ་ཟླ་བ་ལྔ་པའི་ཚེས་བཅོ་ལྔའི་ཉིན། མཁན་པོ་སྙེ་ཐང་པ་གྲགས་པ་སེང་གེ་ལ་ཞུས་ནས་བསྙེན་རྫོགས་མཛད་པ་ཡིན་ཏེ། དེ་དུས་ཆོས་རྗེ་གྲགས་པ་སེང་གེ་སྤྱན་འདྲེན་གྱི་ཡི་གེ་འཕགས་པ་ཉིད་ཀྱིས་མཛད་པ་ལས་འདི་ལྟར་འབྱུང་སྟེ།
ཨོཾ་སྭསྟི་སིདྡྷཾ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བླ་མ་དམ་པ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་