R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༢༥ན
[A:༣༢༥ན]རེ་གཉིས་འདས་ཤིང་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ ་བཏབ་ནས་ལོ་བརྒྱ་ཕྲག་ལྔ་དང་ང་བརྒྱད་ལོན་པ། སྤྲུལ་པའི་གཙུག་ལག་ཁང་ལྷ་ཁང་ཆེན་མོ་བཞེངས་ནས་ལོ་སུམ་བརྒྱ་དང་རེ་གཅིག་འདས་པའི་རེ་གཉིས་པ། རྒྱ་གར་ལུགས་ལ་ཤུཀླཿཞེས་པ་དཀར་པོ་དང་། རྒྱ་ནག་ལུགས་ལ་ས་མོ་སྦྲུལ་གྱི་ལོ་ཕཱལྒུ་ནའི་ཟླ་བའི་དམར་ཆ་བཟང་པོ་གསུམ་པའི་ཚེས་ལ་རེས་གཟའ་ཉི་མ་དང་རྒྱུ་སྐར་བྱ་མའི་འགྲུབ་སྦྱོར་བཟང་པོ་འཛོམ་པའི་ཉིནབོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་གཞི་ཐོག་བླ་བྲང་ཆེན་པོའི་ཡང་སྟེང་ངོ་མཚར་འཆི་མེད་རྡོ་རྗེའི་ཕོ་བྲང་ཨེ་ཝཾ་བྱང་ཆུབ་འབྱུང་བའི་གནས་སུ་ལེགས་པར་སྦྱར་བའི་ཐོག་མའི་ཡི་གེ་པ་ནི། རང་དང་ཉེ་བར་གནས་པའི་སྐྱེས་ཐོབ་ཀྱི་བློ་མིག་མཆོག་དང་ལྡན་པས་མདོ་སྔགས་ཀྱི་གཞུང་ལུགས་མཐའ་དག་ལ་བློ་གྲོས་ཀྱི་སྣང་བ་རབ་ཏུ་རྒྱས་པའི་རབ་འབྱམས་སྨྲ་བ་དགེ་སློང་རྡོ་རྗེ་འཛིན་པ་བསམ་གཏན་རྒྱ་མཚོའི་དད་པ་དང་བརྩོན་འགྲུས་བླ་ན་མེད་པའི་སྒོ་ནས་བགྱིས་པའི་རྩོམ་ལྡན་ལས་བྲི་བ་པོ་ནི་ས་སྐྱར་སྐྱེས་པའི་ནོར་བུ་ལྷས་བྱིན་ནོ། །འདི་སྦྱར་དགེ་བས་བདག་ཅག་དཔོན་སློབ་ཀྱི། །འདི་ཕྱིའི་དོན་ཀུན་ཡིད་ལ་རེ་བ་བཞིན། །འབད་མེད་ལྷུན་གྱིས་འགྲུབ་ནས་ས་སྐྱ་པའི། །བསྟན་པ་ཡར་ངོའི་ཟླ་ལྟར་རྒྱས་གྱུར་ཅིག །དེ་དེ་བཞིན་དུ་གྱུར་ཅིག དེ་ལས་གཞན་དུ་ནམ་ཡང་མ་གྱུར་ཅིག རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས་མ་མཱ་ཡུར་པུ་ཎྱ་ཛྙཱ་ན་ཤྲཱི་བྷཱུ་ཏི་པུཥྚིཾ་ཀུ་རུ་སྭཱཧཱ། སརྦ་མཾ་ག་ལཾ། དྷརྨེ་ཨུ་ད་ཡ་མ་སྟུ། སརྦ་སུ་ཁ་བྷ་ཝནྟུ།། །། Editor Colophonམཁན་ཆེན་ཨ་པད་རིན་པོ་ཆེའི་དགོངས་བཞེད་ལྟར་གུ་རུས་ཞབས་ཞུ་བགྱིས་པའོ།།