R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 127
[A:127]ནམས།
་་་་་འདི་མན་བརྒྱུད་པ་སླར་བརྟག
དེ་སྲས་ངག་དབང་བསོད་ནམས་དབང་ཕྱུག ལྷ་ཁང་མཁན་ཆེན་དོན་གྲུབ་ལེགས་བཟང་ཡིན་ནམ། མཁས་བཙུན་ཀུན་དགའ་སངས་རྒྱས། འཇམ་པའི་དབྱངས་སངས་རྒྱས་དཔལ་བཟང༌། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་རྒྱལ་སྲས་ཐོགས་མེད་པ་ནས། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་གྲགས་པ་རྒྱལ་མཚན། བོ་དོང་པཎ་ཆེན་དབྱངས་ཅན་དགའ་བ། མཁན་ཆེན་བསོད་རྒྱལ། པཎ་ཆེན་ཤཱཀ་མཆོག པཎ་ཆེན་དོན་ཡོད་པ། རྗེ་ཀུན་དགའ་གྲོལ་མཆོག མཁན་ཆེན་ཀརྨ་བཟང་པོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་མན་གོང་བཞིན་ནོ། །༈། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦས་དོན་མངོན་པར་རྟོགས་པའི་དོན་མ་ནོར་བར་གསལ་བར་སྟོན་པ་རྒྱལ་ཚབ་མི་ཕམ་མགོན་པོས་མཛད་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་པཎྜི་ཏ་གོ་མི་འཆི་མེད་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའི་སྟེང་ནས་ལུང་ནོས་པའི་བརྒྱུད་པ་ནི། ཐུབ་དབང་ཟས་གཙང་སྲས་པོ། རྗེ་བཙུན་བྱམས་པ་མགོན་པོ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། མཁན་པོ་རྣམ་པར་སྣང་མཛད། སློབ་དཔོན་སེང་གེ་བཟང་པོ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། སློབ་དཔོན་ཡོན་ཏན་བཤེས་གཉེན། ལོ་ཆེན་རིན་ཆེན་བཟང་པོ། ཤར་ཕྱོགས་པ་ཟླ་བ་བཟང་པོ།
འབུམ་ཕྲག་གསུམ་པའང་ཟེར།་་་་་
སློབ་དཔོན་བསྟན་སྐྱོང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ། འབྲེ་