R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 150
[A:150]འདྲ། ཡང་ན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ནས། བྱམས་ཆེན་རབ་འབྱམས་པ། ཀུན་མཁྱེན་སངས་རྒྱས་འཕེལ། འཇམ་དབྱངས་ཀུན་དགའ་ཆོས་བཟང༌། མཁས་པ་ལྷ་དབང་བློ་གྲོས། རྗེ་བྱམས་པ་ཕུན་ཚོགས། འབུམ་མོ་ཆེ་པ་དཔལ་འབྱོར་ཤེས་རབ། ངོར་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་མན་འདྲ། ཡང་ན་རྒྱལ་སྲས་ཐོགས་མེད་དཔལ་ནས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་མན་འདྲའོ། །༈། །རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱི་དངོས་སློབ་རྗེ་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་བློ་སྦྱོང་སྙན་བརྒྱུད་ཆེན་མོའམ། བློ་སྦྱོང་གསུང་སྒྲོས་མར་གྲགས་པའི་ལོ་རྒྱུས་གདམས་པ་དངོས་དང་བཅས་པའི་ལུང་ཐོབ་པའི་བརྒྱུད་པ་ནི། རྒྱལ་བའི་སྲས་པོ་ཐོགས་མེད་དཔལ་ནས། འགྲོ་མགོན་དཔལ་ལྡན་ཡེ་ཤེས། གཞོན་ནུ་རྒྱལ་མཆོག མུས་ཆེན་དཀོན་མཆོག་རྒྱལ་མཚན། གུང་སྟོན་ཤེས་རབ་བཟང་པོ། གཉུག་ལ་ངག་དབང་གྲགས་པ། སྤྱན་སྔ་ངག་དབང་ཆོས་གྲགས། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལྷུན་གྲུབ། མཁས་བཙུན་བསོད་ནམས་དབང་ཕྱུག མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །༈། །
འདི་དེ་སྔོན་མ་ཐོབ་བླར་ཐོབ་འགྱུར་གྱིས་བྲིས།་་་་་
སུམ་པ་ལོ་ཙཱ་བ་དཔལ་མཆོག་དང་པོའི་རྡོ་རྗེས་རྒྱ་གར་དུ་བྱོན་དུས་མཁའ་འགྲོ་མའི་རྡོ་རྗེའི་ཚིག་བཞི་པ་རྗེ་བཙུན་མ་སྒྲོལ་