R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 207
[A:207]བསྲུངས་པ། འཁོན་རྡོ་རྗེ་རིན་ཆེན། འཁོན་དགེ་སྐྱབས། འཁོན་དགེ་མཐོང༌། འཁོན་སྟོན་བལ་པོ། འཁོན་གཙུག་ཏོར་ཤེས་རབ། འཁོན་དཀོན་མཆོག་རྒྱལ་པོ། འཁོན་ཀུན་དགའ་སྙིང་པོ། འཁོན་བསོད་ནམས་རྩེ་མོ། འཁོན་གྲགས་པ་རྒྱལ་མཚན། འཁོན་ཀུན་དགའ་རྒྱལ་མཚན། འཁོན་བློ་གྲོས་རྒྱལ་མཚན། གཞོན་ནུ་དཔལ་གྲགས། འཕགས་འོད། གཞོན་ནུ་བསོད་ནམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། རྗེ་ལྷ་མཆོག་སེང་གེ རྡོ་རྗེ་འཆང་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང༌། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གཤེགས་པའི་རིགས་ཀྱི་ཡུམ་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་རྗེས་གནང་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་ཕྱག་ན་རྡོ་རྗེ་ཛེ་ཏཱ་རི། །རྡོ་རྗེ་གདན་པ་གཉིས་དང་བ་རི་བ། །ས་སྐྱ་བླ་ཆེན་རྗེ་བཙུན་སྐུ་མཆེད་གཉིས། །ཆོས་རྗེ་ཁུ་དབོན་ཞང་སྟོན་དཀོན་མཆོག་དཔལ། །བྲག་ཕུག་བསོད་དཔལ་རི་ཁྲོད་བློ་