R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 240
[A:240]དཔལ་གྲུབ། རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲའོ། །སེང་ལྡེང་ནགས་ཀྱི་སྒྲོལ་མ་གཙོ་འཁོར་ གསུམ་གྱི་རྗེས་གནང་གི་བརྒྱུད་པ་ནི་འོག་གི་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་གི་བརྒྱུད་པ་དང་འདྲའོ། །༈། །ཇོ་བོ་ལྷ་གཅིག་བོད་དུ་འབྱོན་པའི་དུས་ཕྱག་འཚལ་ཉེར་གཅིག་གི་ཞལ་འདོན་དང་བཅས་རྡོ་རྗེའི་གདན་དུ་བསྐོར་བ་མཛད་པའི་ཚེ་རྗེ་བཙུན་སྒྲོལ་མས་ཞལ་མངོན་སུམ་དུ་བསྟན་ཏེ་བོད་དུ་བཞུད་ཅིག་པར་ལུང་བསྟན། འདི་ལ་ཡི་དམ་བྱས་ན་བར་ཆད་མི་འབྱུང་ཞེས་བསྟོད་པ་ཤླཽ་ཀ་རེ་དང་ལས་ཚོགས་རེ་སྦྱར་ནས་གནང་བའི་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་རྗེས་གནང་ལ། ངག་དབང་ཆོས་གྲགས་པའི་ཡིག་ཆའི་སྟེང་ནས་ཐོབ་པའི་རྣམ་གྲངས་ནི། དང་པོ་སྒྲོལ་མ་མྱུར་མ་དཔའ་མོ། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། དེ་བཞིན་དུ་གཉིས་པ་ནད་གདོན་ཞི་བའི་སྒྲོལ་མ་དཀར་མོ། གསུམ་པ་ཚེ་དང་ལོངས་སྤྱོད་འཕེལ་བའི་སྒྲོལ་མ་གསེར་མདོགབཞི་པ་ཚེ་སྒྲུབ་པའི་སྒྲོལ་མ་རྣམ་པར་རྒྱལ་མ་གསེར་མདོག་ཅན། ལྔ་པ་བུད་མེད་དབང་དུ་བྱ་བའི་སྒྲོལ་མ་ཧཱུྃ་སྒྲ་སྒྲོགས་མ་དམར་སེར་མ། དྲུག་པ་འབྱུང་པོ་འདུལ་བའི་སྒྲོལ་མ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མ་དམར་ནགབདུན་པ་གཞན་གྱི་རིག་སྔགས་བཟློག་པའི་སྒྲོལ་མ་གཞན་འཇོམས་མ་ནག་མོ། བརྒྱད་པ་སྒྲོལ་མ་བདུད་དང་དགྲ་འཇོམས་མ་དམར་ནགདགུ་པ་འཇིགས་པ་བསྲུང་བའི་སྒྲོལ་མ་དཀོན་མཆོག་གསུམ་མཚོན་མ་ལྗང་མོ། བཅུ་པ་སྒྲོལ་མ་བདུད་དང་འཇིག་རྟེན་དབང་དུ་མཛད་མ་དམར་མོ། བཅུ་གཅིག་པ་སྒྲོལ་མ་འགུགས་ཤིང་ཕོངས་སེལ་མ་གསེར་བཙོ་མ་ལྟ་