R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 245
[A:245]ཆེན་དཀོན་མཆོག་རྒྱལ་མཚན། པཎ་ཆེན་ཆོས་དཔལ་བ། ཆོས་རྗེ་བློ་གྲོས་རྒྱ་མཚོ། ཐུགས་རྗེ་ཅན་རིན་ཆེན་བཟང་པོ། སྔགས་འཆང་ཀུན་དགའ་བསོད་ནམས། སྔགས་འཆང་དཀོན་མཆོག་ལེགས་འཛིན། མཁས་གྲུབ་དཔལ་ལྡན་དོན་གྲུབ། རྗེ་དཔལ་མཆོག་རྒྱལ་མཚན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། ཆོས་རྗེ་ཀུན་དགའ་འཆོས་འཕེལ། རྡོ་རྗེ་འཛིན་དབང་ཀུན་དགའ་བསྟན་འཛིན། དེས་བདག་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། བསྟན་འཛིན་ལྷུན་གྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ངག་གི་དབང་ཕྱུག ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་རིན་ཆེན་གྲགས། ས་སྐྱ་གོང་མ་ལྔ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དམ་པ་མན་འདྲའོ། །ཡང་ན་ངག་དབང་གྲགས་པ། གྲུབ་ཆེན་མ་ཏི། གཉན་ལོ་ཙཱ་བ། གནམ་ཁའུ་པ། ས་ཆེན་མན་འདྲ། ཡང་ན་བཀའ་བཞི་པ། རིན་ཆེན་བསོད་ནམས་གྲགས་པ། ཆོས་རྗེ་བླ་མ་མན་འདྲའོ། །༈། །ཚར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་གྱི་ཉམས་ལེན་སྙིང་པོ་བསྡུས་པ་དང༌། རྗེས་གནང་གི་ཡི་གེ་ཀུན་མཁྱེན་མཁྱེན་བརྩེས་མཛད་པའི་སྟེང་ནས་རྗེ་བཙུན་བཅོམ་ལྡན་འདས་མ་སྒྲོལ་མ་དཀར་མོ་སྤྱན་བདུན་མ་ཡིད་བཞིན་འཁོར་ལོ་ཚེ་སྦྱིན་མའི་འོད་ཟེར་དྲུག་སྦྲགས་ཀྱི་རྗེས་སུ་གནང་བ་ཐུན་མོང་མ་ཡིན་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་