R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 250
[A:250]དཀོན་མཆོག་ལེགས་འཛིན་མན་འདྲའོ། །བཀའ་བབས་གཉིས་པ་ས་ལུགས་ཀྱི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། པཎ་གྲུབ་ཝཱ་གཱི་ཤྭ་ར། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ། ཆོས་རྒྱལ་བློ་གྲོས་རྒྱལ་མཚན། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་མན་གོང་དང་འདྲའོ། །བཀའ་བབས་གསུམ་པ་ཁ་ཆེ་པཎ་ཆེན་ལུགས་ཀྱི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི། མཁན་ཆེན་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། བར་འདིར་བཀའ་བཞི་པ་གྲགས་པ་གཞོན་ནུ་བྱུང༌། བྱང་སེམས་བསོད་ནམས་གྲགས་པ། བླ་མ་བསོད་ནམས་རྒྱལ་མཚན། འཇམ་དབྱངས་རིན་ཆེན་རྒྱལ་མཚན། མཁན་ཆེན་རྒྱལ་བ་ཕྱག་ན། མཁན་ཆེན་ཀུན་དགའ་བློ་གྲོས། ཆག་ལོ་རིན་ཆེན་ཆོས་རྒྱལ། ཁྲ་རི་བ་མན་གོང་ལྟར་རོ། །ཡང་ན་ཁ་ཆེ་པཎྜི་ཏ་ནས། དཱ་ན་ཤཱི་ལ། གཙང་ཐང་པ་བླ་མ་ཀ་པ་བ། རྟོགས་ལྡན་གྲགས་སེང༌། གཡའ་བཟང་པ་བསོད་ནམས་འོད། བསོད་ནམས་རྡོ་རྗེ། གཙང་པ་བློ་བཟང་པ་མན་འདྲའོ། །བཀའ་བབས་བཞི་པ་ཨ་བྷ་ཡཱ་ཀ་རའི་ལུགས་ཀྱི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། སློབ་དཔོན་ཨ་བྷ་ཡཱ་ཀ་ར། ཤུ་བྷཾ་ཀ་ར་གུཔྟ། རཏྣ་རཀྵི་ཏ། གོ་ཏཾ་ཤྲཱི། ཀཱིརྟི་ཙནྡྲ། ཡར་ལུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། རོང་པ་ཤེས་རབ་སེང་གེ བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། མཁན་ཆེན་