R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 267
[A:267]བཟང་གིས་མཛད་པའི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་གི་ཁ་སྐོང་དང་བཅས་པའི་ལུང་བརྒྱུད་ནི། ཤར་ཁང་པ་ཤེས་རབ་རྒྱལ་མཚན་ཡན་གོང་ལྟར་ལ། དེ་ནས་པཎ་ཆེན་ནམ་མཁའ་དཔལ་བཟང༌། ཤར་ཆེན་ཀུན་དགའ་བཀྲ་ཤིས། མཁས་གྲུབ་དཔལ་ལྡན་དོན་གྲུབ།
་་་་་འདི་གཉིས་དགོས་མི་དགོས་བརྟག
ཤར་པ་ཤེས་རབ་འབྱུང་གནས། ཤར་པ་ཡེ་ཤེས་བཟང་པོ། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསོད་ནམས་དཔལ་ལྡན། རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །བྲམ་ཟེ་ཕུར་བུས་མཛད་པའི་སྒྲུབ་ཐབས་ངག་གི་འོད་ཟེར། དྲང་སྲོང་མངོན་ཤེས་ཅན་གྱིས་མཛད་པའི་ལས་སྦྱོར་གྱི་རྩ་བ་འདི་གཉིས་ཀྱི་ལུང་ནི་མཁན་ཆེན་སངས་རྒྱས་དཔལ་བཟང༌། དེ་ལས་དཔལ་ལྡན་ཆོས་སྐྱོང༌། དེ་ལས་བདག་གིས་མནོས་སོ། །སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ལས་འབྱུང་བའི་དབྱངས་ཅན་དཀར་མོའི་རྗེས་སུ་གནང་བ་དང༌། དཔལ་ལྡན་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའི་རྗེས་གནང་སྒྲུབ་ཐབས་གེ གས་སེལ་ལས་སྦྱོར་དང་བཅས་པ་ལེའུ་བཞི་པ་འོད་ཀྱི་དྲྭ་བ། བསྟོད་པ་གཞོན་ནུ་རོལ་དགའ་དང་བཅས་པ་རྣམས་ཀྱི་ལུང་བརྒྱུད་ནི། སུམ་པ་ལོ་ཙཱ་བ་ཡན་གོང་ལྟར་ལ། དེ་ནས་བླ་བྲང་པ་ཉི་མ་རྒྱལ་མཚན། ཀུན་མཁྱེན་ཀློང་ཆེན་པ། མཁས་གྲུབ་ཆོས་རྗེ། སངས་རྒྱས་དབོན་པོ། ཀུན་སྤངས་སེམས་ཅན་ཆེན་པོ། བླ་མ་སངས་རྒྱས་ཡེ་ཤེས། རྗེ་སངས་རྒྱས་རྒྱལ་མཚན། རྗེ་ཡིག་པ་ཚུལ་ཁྲིམས་རྒྱལ་མཚན། རྩེ་ལེ་བསོད་ནམས་རྣམ་རྒྱལ། རྩེ་ལེ་ཨོ་རྒྱན་བསྟན་