R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 269
[A:269]ནས། ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེ་ལས་བྱམས་པ་བསོད་ནམས་མཐའ་ཡས། ཡངས་ཅན་མཁན་པོ་ངག་དབང་རྣམ་རྒྱལ། དེ་གཉིས་ཆར་ལས་མཁན་ཆེན་བཟང་པོ་རྒྱལ་མཚན་མན་འདྲའོ། །མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡི་གེའི་ལུང་ཡང་ཐོས། །༈། །རྒྱུད་ཆེན་ཀྲཱི་ཡའི་ཆུ་ལས་སྐྱེས་པའི་རིག ས། །བདེ་བར་གཤེགས་དང་བདག་པོ་རྒྱལ་བའི་ཡུམ། །ཁྲོ་བོ་ཁྲོ་མོ་མངག་གཞུག་ཕོ་མོར་བཅས། །ལྷག་པ་ལྷ་ཡི་སྡེ་ཚན་ཉི་ཤུ་བདུན། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། པདྨའི་རིགས་ཀྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་བརྒྱད་པའོ། །། །གསུམ་པ་རྡོ་རྗེའི་རིགས་ལ། དང་པོར་རིགས་ཀྱི་གཙོ་བོ་ནི་མི་བསྐྱོད་པ་ལ་སོགས་པ་སྟེ་འདིར་གྲུབ་པའི་སློབ་དཔོན་ཆེན་པོ་ཛེ་ཏཱ་རིས་ཆོ་གའི་ཡན་ལག་རྣམས་སྤྱོད་རྒྱུད་ལྟར་བཀྲལ་བའི་ལུགས་སུ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་དཀྱིལ་ཆོག་ལས་སྒྲིབ་རྣམ་སྦྱོང་གི་སྟེང་ནས་རྡོ་རྗེའི་རིགས་ཀྱི་གཙོ་བོ་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ལྷ་མོ་བརྒྱད་ཀྱིས་བསྐོར་བ་ལྷ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ནོས་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། འཇམ་དཔལ་དབྱངས། ཛྙཱ་ན་གརྦྷ། ཛྙཱ་ན་ཤཱནྟ། བུདྡྷ་ཤཱནྟ།
་་་་་ངོར་ཆེན་གོང་དཀར་བ་མཁྱེན་བརྩེ་གསུམ་གྱི་གསན་ཡིག་ན་འདུག་རུང་ཐར་རྩེ་པ་དང་ཤར་པའི་གསན་ཡིག་ཏུ་མི་སྣང་བ་ཆད་པ་འདྲ།
བུདྡྷ་གུ་ཧྱ། ཀུ་ས་ལི་ཆེ་ཆུང་གཉིས། སུ་ཝརྞ་ཌྭི་པ་དྷརྨ་ཀཱིརྟི། དཔལ་དཱི་པཾ་ཀཱ་ར། གོ་མི་སྒོམ་ཆེན། སྐྱི་ནོར་ཛྙཱ་ན། གཉགས་ལྡོམ་བུ་བ། སྤུག་ཐམས་ཅད་མཁྱེན་པ། ཆོས་