[A:320]ལུང་བརྒྱུད་ནི། ཁ་ཆེ་ཏེ་ཛ་དེ་ཝ་ནས། ཀཾ་པོ་ཛི། སུ་མ་ཏི་ཀཱིརྟི། ཀོང་བུ་རི་པ། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་མན་འདྲ། རའི་རྟགས་ཡོད་པའི་བརྒྱུད་པ་ནི། མཁན་ཆེན་ཀུན་དགའ་བློ་གྲོས་ཡན་གོང་ལྟར་ལ། དེ་ནས་པཎ་ཆེན་བསོད་ནམས་བློ་གྲོས། ཤམྦྷར་རིན་པོ་ཆེ་ཀུན་དགའ་སངས་རྒྱས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་འདྲ། འབྲོམ་གྱི་རྟགས་ཡོད་པའི་བརྒྱུད་པ་ནི། གསང་བའི་བདག་པོ། སློབ་དཔོན་སངས་རྒྱས་གསང་བ། ལོ་ཙཱ་བ་དབས་མཉྫུ་ཤྲཱི། ལ་གསུམ་རྒྱལ་བ་བྱང་ཆུབ། དེ་ལས་པཎྜི་ཏ་ཁ་ཆེ་དཀར་པོས་བོད་དུ་ཞུས། དེ་ནས་ཟངས་དཀར་ལོ་ཙཱ་བ། མཆིམས་ཡུལ་སྨད་ཀྱི་འབྲོམ་སྡེ་ཉི་མ། དགེ་བཤེས་ལོ་ཙཱ་བ། སླེའུ་མཚུར་སྟོན། སླེའུ་སྟོན་པ། དགེ་བཤེས་དབུ་གྲུ་སྟོན་སྨོན་ལམ། ཕྲིན་ལས་ཇོ་སྲས་ནས་རིམ་པར་བརྒྱུད་དེ། ཤམྦྷར་རིན་པོ་ཆེ་ཀུན་དགའ་སངས་རྒྱས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་འདྲ། ཞི་བ་བདེ་བྱེད་སེར་པོ་འདི་དང་འབྲེལ་པའི་དྲག་པོའི་རྗེས་གནང་ཤིན་ཏུ་བཀའ་གཉན་པའི་བརྒྱུད་པ་ནི། མཁྱེན་རབ་ཆོས་རྗེ་ནས། སྐུ་ཞང་རིན་ཆེན་མཆོག་གྲུབ། འཇམ་དབྱངས་བྱང་གླིང་རྗེ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་མན་འདྲ། འདི་ཐོབ་པའི་གང་ཟག་དེས་རྣམ་སྲས་ལ་མཆོད་གཏོར་མི་བཅག་ཅིང་རྗེས་གནང་ཞུ་དུས་ཏིང་ངེ་འཛིན་གསལ་བ་དང་མཇུག་ཏུ་རྣམ་སྲས་ཀྱི་ཚེ་སྒྲུབ་ཉམས་སུ་ལེན་དགོས་ཚུལ་སྣང་ངོ༌། །ཡང་དྲག་པོ་དང་མ་འབྲེལ་བའི་རྣམ་སྲས་སེར་ཆེན་སྨད་ལུགས་ཀྱི་རྗེས་གནང་གི་བརྒྱུད་པ་ལུགས་གཅིག་ནི། མཁན་ཆེན་ཀུན་དགའ་བློ་གྲོས་ཡན་གོང་ལྟར་ལ། དེ་ནས་མཁན་ཆེན་ངག་དབང་ལྷུན་གྲུབ་བཀྲ་ཤིས། མཁན་ཆེན་