[A:322]མཚོ་ནས། རྗེ་དབང་རབ། མཁན་ངག་ཆོས་པ་མན་གོང་གི་ལུང་བརྒྱུད་བཞིན་ནོ། །ཀླུ་སྒྲུབ་ཀྱི་རྒྱལ་ཆེན་རྟ་སྔོན་བདུད་མོ་བཞིས་བསྐོར་དང་ནང་མ་མོ་ལྟར་སྒྲུབ་པ་ལྷ་དགུ་དྲག་བྱེད་སེང་ཞོན་ཀླུ་བརྒྱད་ཀྱིས་བསྐོར་བ། གསང་བ་གཤིན་རྗེ་ལྟར་སྒྲུབ་པ་མདུང་དམར་ཅན་ལྷ་བཅུ་གསུམ། ཡང་གསང་སྲིན་པོ་བཞིས་བསྐོར། ཤུ་རཾ་ག་ཝརྨ་ལུགས་ཀྱི་རྣམ་སྲས་མཐིང་ཁ་ལྷ་བཅོ་ལྔ། རྣམ་སྲས་དམར་སེར་ལས་མཁན་མདུང་དམར་ཅན་དང་བཅས་པ། གར་མཁན་མཆོག་ལྗང་གུ་ཞལ་གསུམ་ཕྱག་བཅོ་བརྒྱད་པ། དམར་སྨུག་ཞལ་གསུམ་ཕྱག་བཅོ་བརྒྱད་པ། རྣམ་སྲས་དཀར་པོ་ལྷ་དགུའི་ཚེ་དབང་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། དཔལ་ཀུན་ཏུ་བཟང་པོ། སློབ་དཔོན་འགྲོ་བཟང་སྙིང་པོ། གྲུབ་ཆེན་བྷྲིཾ་ག་ར་ཝ་ཏི། ཁ་ཆེ་དགོན་པ་བ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། གཡོར་པོ་ཇོ་སྟོན་རྡོ་རྗེ་རྩེ་མོ།
་་་་་འདི་གསན་ཡིག་ན་མི་གསལ་ཡང་ཆོག་ཁྲིགས་གཉིས་ཀ་ན་བྱུང་ཞིང་སྦས་ཏིས་ཟངས་དཀར་བ་ལ་ཅུང་མ་ཐུག་པ་འདྲའོ། །
སྦས་ཏི་དགྲ་བཅོམ་པ་སེམས་དཔའ་རྒྱལ་མཚན། མཁན་ཆེན་དད་མ་བ་བརྩོན་འགྲུས་དབང་ཕྱུག ་་་་་མཁན་ངག་དབང་ཆོས་གྲགས་དང་རྗེ་བཀའ་འགྱུར་བ་གཉིས་ཀྱི་ཡིག་ཆར་མི་འདུག་ཀྱང་རྗེ་མཁྱེན་བརྩེའི་གསན་ཡིག་ན་འདུག་པས་ཆད་པ་འདྲའོ། །
མཁན་ཆེན་ཞིག་པ་ཤེས་རབ་སེང་གེ བསམ་ཡས་པ་ཚུལ་ཁྲིམས་དབང་ཕྱུག སེ་བ་ཅན་པ་ཡོན་ཏན་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ།་་་་་ཆོག་ཁྲིགས་གཉིས་ཀ་ན་འདི་ལས་མཁན་ཆེན་བཀའ་བཞི་པ་དང་དགའ་ལྡན་ཕུག་པ་བློ་བཟང་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་ཆོས་ཀྱི་རྒྱལ་མཚན་གྱིས་གསན་ཟེར་བ་འདུག་ཀྱང༌། རྗེ་མཁྱེན་བརྩེའི་གསན་ཡིག་སོར་གནས་བྱས་པ་ཡིན། སླར་ཡང་བརྟག་