R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 380
[A:380]བཤེས་ཕྱག་སོར་བ། ཞུ་ལྡན་པ། དཔལ་ལྡན་གྲོ། ཞང་སྟོན་ཆོས་ཀྱི་བླ་མ། མཆིམས་ནམ་མཁའ་གྲགས་མན་འདྲ། ནོར་རྒྱུན་མའི་བརྒྱུད་པ་ལུགས་གཅིག་ནི་ཛམྦྷ་ལ་དང་འདྲ། ཤེར་ཕྱིན་མ་དཀར་མོ་དང་ཁྲོ་གཉེར་ཅན་སེར་མོའི་བརྒྱུད་པ་ལུགས་གཅིག་ནི་འཕགས་པ་བཅུ་གཅིག་ཞལ་དང་འདྲ། རྣམ་ཐོས་སྲས་ཀྱི་བརྒྱུད་པ་ལུགས་གཅིག་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། ཁ་ཆེ་དགོན་པ་བ། ཟངས་དཀར་
་་་་་བར་འདིར་བླ་མ་གཞན་ཡོད་མེད་བརྟག་་་་་
ལོ་ཙཱ་བ། ཆུ་མིག་པ། གྲོ་སྟོན་བདུད་རྩི་གྲགས། ཞང་ཆོས་ཀྱི་བླ་མ། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་མན་འདྲ། མགོན་པོ་གྲི་གུག་གི་བརྒྱུད་པ་ལུགས་གཅིག་ནི། རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད། ཛི་ན་མི་ཏྲ། ཤཱནྟི་པ། ཇོ་བོ་རྗེ། དགེ་བཤེས་འབྲོམ་སྟོན་པ། སྤྱན་སྔ་བ། མུ་སྨན་པ་ཆར་ཆེན། གྲོ་སྟོན་བདུད་རྩི་གྲགས། ཞང་སྟོན་ཆོས་ཀྱི་བླ་མ། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་མན་འདྲ། དབྱངས་ཅན་མ་དམར་མོ་མར་དོ་དང་དཱ་ན་ཤཱི་ལའི་རང་འགྱུར་གྱི་མི་གཡོ་བ་སོགས་མཆིམས་ཀྱིས་གསན་པས་བརྒྱུད་པ་སོ་སོར་བྱུང་བ་མ་གཏོགས་བརྒྱུད་པ་དེ་མིན་པ་ཇོ་བོ་ནས་བརྒྱུད་པ་མེད་དམ་སྙམ་པའི་འཁྲུལ་གཞི་གཟུང་བར་མི་བྱའོ། །༈། །གནས་ལྔ་རིག་པ་ཡོངས་སུ་རྫོགས་པ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཨ་བྷ་ཡཱ་ཀ་ར་གུཔྟ་ཞེས་འཇིགས་མེད་འབྱུང་གནས་སྦས་པར་གྲགས་པ་དེ་ཉིད་ཨིནྡྲ་ཨུ་ལའི་གཙུག་ལག་ཁང་དུ་ཐོས་བསམ་སྒོམ་གསུམ་གྱིས་བརྟན་པ་སྤེལ་བའི་ཚེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་