R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 442
[A:442]གི་དབང་པོ། ཟུར་ཆོས་དབྱིངས་རང་གྲོལ། རྗེ་ཐམས་ཅད་མཁྱེན་པ། རིག་འཛིན་པདྨ་ཕྲིན་ལས། དེ་གཉིས་ཀ་ལས་རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །༈། ཚེ་དཔག་མེད་ཀྱི་སྐོར་ལས། ལུང་ལུགས་སངས་རྒྱས་གསང་བའི་ལུགས་ཀྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། ཀུ་ཀུ་རཱ་ཛ། རྒྱལ་པོ་ཛཿསིངྷ་རཱ་ཛ། ཨུ་པ་རཱ་ཛ། རྡོ་རྗེ་བཞད་པ། སངས་རྒྱས་གསང་བ། བི་མ་ལ་མི་ཏྲ། གཉགས་ལོ་ཙཱ་བ། སོག་པོ་དཔལ་ཡེ། གནུབས་ཆེན། ཡོན་ཏན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། ཉང་ཤེར་མཆོག ཉང་ཡེ་འབྱུང༌། ཟུར་ཆེ་ཆུང༌། ཐུགས་སྲས་ཀ་ཆེན་བཞི། གསང་བདག་སྒྲོ་ཕུག་པ། ཁ་རག་གནུབས་གཤེན། མཁས་པ་ཇོ་སད། རོག་ཤེས་རབ་འོད། རོག་བརྩོན་འགྲུས་སེང་གེ འཁྲུལ་ཞིག་དར་མ་སེང་གེ བསོད་ནམས་དཔལ། དེ་གཉིས་ཀ་ལས་དཔལ་ཆེན་པ། དྲིན་ཅན་པ། གཙུག་རྒྱན་ནོར་བུ། ཀུན་རྒྱལ་བ། ཆོས་རྒྱལ་བ། བྱང་ཆུབ་བཟང་པོ། ཀུན་རྡོར་བ་རྣམས་རོག་བརྒྱུད་དང༌། དེ་ནས་ས་དཔལ་མགོན་པ། སོ་བསོད་ནམས་རིག་འཛིན། སོ་བདུད་འདུལ། སོ་དབང་འཛིན་པ། གྲུབ་ཆེན་དམ་པ་རིན་པོ་ཆེ། རིག་འཛིན་སྤྲུལ་པའི་སྐུ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །༈། རྫོང་ཆེན་ལུགས་ཀྱི་ཚེ་