R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 472
[A:472]དགའ་རིན་ཆེན་མན་གོང་བཞིན། ཡང་ན་རྗེ་དཀོན་མཆོག་ལྷུན་གྲུབ་ནས། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ཞབས་དྲུང་ཨ་མི་ལགས་མན་སྔར་བཞིན་ནོ། །ཡང་ན་རྔོག་ཡེ་ཤེས་སེང་གེ་དང་གླན་རྩད་ཚ་གཉིས་ལས། སྙི་མོ་ཕུག་ཀ་བ་འབུམ་སྐྱབས། རོང་ལྷ་སྟེང་གི་གཙོང་སྟོན་སྨྲ་སེང༌། ཉང་སྟོད་སྲིབས་ཆུང་གི་ལྕེ་མདོ་སྡེ་སེང་གེ དེ་ནས་ཀུན་མཁྱེན་ཆོས་སྐུ་འོད་ཟེར་མན་འདྲ། ཡང་ན་བྲག་ལྟག་པ་ཡེ་ཤེས་སེང་གེ་ལས།
་་་་་བོད་བཙུན།
ཆ་གར་མོན་མོ་བྲག་གི་མི་ཉག་རྡོ་རྗེ་
སྔགས་པ་གོས་དཀར་ཅོ་བྲེག་ཅན།་་་་་
གྲགས། དེ་ནས་ལྕེ་མདོ་སྡེ་སེང་གེ
་་་་་གོས་དཀར་ཅོ་བྲེག་ཅན།
དགེ་སྡིངས་པ་ཆོས་སྐུ་འོད་ཟེར་མན་འདྲ། ཡང་ན་གླན་རྩད་ཚ་ནས། ཐང་སྤེ་བ། གྲུབ་ཐོབ་གསེར་སྡིངས་པ། ཀུན་མཁྱེན་འཕགས་འོད་མན་འདྲ། ཡང་ན་དགེ་སྡིངས་པ་ཆོས་སྐུ་འོད་ཟེར་ནས། ལྕེ་བློ་ལྡན་སེང་གེ བློ་མ་འཕགས་འོད་མན་འདྲ། ཡང་ན་འགོས་ལོ་ཙཱ་བ་ནས། དབུས་པ་དགེ་སེར། གནམ་ཁའུ་པ། རྗེ་ས་ཆེན། ཁའུ་པ་རྡོ་རྗེ་བདུད་འཇོམས། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ། རི་ཁྲོད་པ་བློ་བརྟན། རྗེ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་རྡོ་རྗེ་འཆང་མན་སྔར་དང་འདྲའོ། །བཀའ་བབས་གཉིས་པ་མར་ལུགས་ཀྱི་བརྒྱུད་པར་ནང་གསེས་ཀྱི་སྒྲོ་འདོགས་ནང་ནས་ཆོད་པ་གྲུབ་ཐོབ་ཉམས་ཀྱི་བརྒྱུད་པ་ནི།
་་་་་རྗེ་བཙུན་བཙོང་ཁ་པ་ཆེན་པོའི་གསན་ཡིག་ན་འདི་འཕགས་ལུགས་མིན་གསུང༌།
རྡོ་རྗེ་འཆང༌། ཨིནྡྲ་བྷཱུ་ཏི། ཌཱ་ཀི་བདེ་བའི་ཞབས། ཌོམྦི་ཧེ་རུ་ཀརྡོ་རྗེ་དྲིལ་བུ་པ། ཡན་ལག་མེད་