R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 481
[A:481]ཕྱུག་རབ་བརྟན་ནས། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན། ཁུ་དབོན་གཉིས་ཀ་ལས་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་གསན་པ་མན་འདྲའོ། །༈། མཁས་ཤིང་གྲུབ་པའི་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ལེགས་པར་བཀྲལ་བའི་གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་བདག་ཉིད་ཅན་གྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཀུན་མཁྱེན་བསོད་ནམས་སེང་གེ ས་མཛད་པའི་སྒྲུབ་ཐབས་ཀུན་ཏུ་བཟང་པོའི་ཉི་འོད། དཀྱིལ་ཆོག་ཡེ་ཤེས་རྣམ་རོལ། ཕྱི་རོལ་ཚོགས་བསགས་ཀྱི་ཆོ་ག གཏོར་ཆོག་ཕྲིན་ལས་རྣམ་རོལ་རྣམས་དང༌། ཐར་རྩེ་ནམ་མཁའ་དཔལ་བཟང་གིས་མཛད་པའི་མཚམས་སྦྱོར་བཅས་པའི་སྟེང་ནས་ཡི་གེ་རྣམས་ཀྱི་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། བཀའ་བབས་དྲུག་དང་ལྡན་པ་ལས། ཨ་བོ་ཙ་དཱ་དི་མ་ཧཱ་ལོ་ཙཱ་ནེ་ཏ་སྱ་མཱ་ལཿ།
་་་་་བཀའ་བབས་དང་པོ་ལོ་ཆེན་ལུགས་ཀྱི་བརྒྱུད་པ་ནི།
མཉྫུ་ཤྲཱི་གྷོ་ཥ་ཙཱ་དྭ་ཡ་ཝ་དྷཱུ་ཏིཿ།
་་་་་འཇམ་དཔལ་དབྱངས་དང་གཉིས་སུ་མེད་པ་གཉིས་སྤངས་པ།
ཨཱ་ཙཱརྻ་བུདྡྷ་ཛྙཱ་ན་པཱ་དཿ།
་་་་་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས།
ཤྲཱི་དཱི་པཾ་ཀ་ར་བྷ་དྲཿ།
་་་་་དཔལ་མར་མེ་མཛད་བཟང་པོ།
ཨཱ་ནནྡ་གརྦྷཿ
་་་་་ཀུན་དགའ་སྙིང་པོ།
ཐ་ག་ནཿ
་་་་་ཐ་ག་པ།
རཏྣཱ་ཀ་ར་ཤཱནྟིཿ།
་་་་་རིན་ཆེན་འབྱུང་གནས་ཞི་བ།
ཤྲཱདྡྷཱ་ཀ་ར་ཝརྨཿ།
་་་་་དད་བྱེད་གོ་ཆ།
པདྨ་ཀ་ར་ཝརྨཿ།
་་་་་པདྨ་འབྱུང་གནས་གོ་ཆ།
ཏོ་དྭ་ཡི་མ་ཧཱ་ལོ་ཙཱ་རཏྣ་བྷ་དྲ་ཎ་པྲྀཙྪཿ།
་་་་་དེ་གཉིས་ཀ་ལས་ལོ་ཆེན་རིན་ཆེན་བཟང་པོས་ཞུས།
རྐ་ད་པོ་དྷརྨྨ་མ་ཏིཿ།
་་་་་རྐྱང་པོ་ཆོས་ཀྱི་བློ་གྲོས།
ཀ་ལྱཱ་ཎ་མི་ཏྲ་ཤ་ར་ཎ་སིངྷཿ།
་་་་་དགེ་བཤེས་སྐྱབས་སེང༌།་་་་་རྗེ་བཙོང་ཁ་པའི་གསན་ཡིག་ན་སྐྱབས་སེ་འདུག་པ་བརྟག
བཛྲ་སཱ་ར་སྠཱི་རཿ།
་་་་་རྡོ་རྗེ་སྲ་