R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 602
[A:602]ལྤགས་ལ་བརྟེན་པའི་བསྲུང་བ། གཟའ་མདོས་ཀྱི་ཆོ་ག་འབྲིང་པོ་རྫོགས་བྱང་གི་མཐའ་ཅན། དུག་ནད་གསོ་བ་བཻ་ཌཱུརྻའི་ཕྲེང་བ་ཞེས་པ་བརྟག་པ། འཆོས་ཐབས། འབྲིང་བསྡུས་ཟབ་མོ་སྔགས་འཆང་གཟུངས་པས་མཛད་པ། དུག་བསྲུང་བརྟག་པའི་མན་ངག་ཟབ་མོ་ཟུར་དུ་བྲིས་པས་བལྟ་བར་བྱའོའི་མཐའ་ཅན། ལས་སྦྱོར་དྲུག་པ་ཞེས་པ་བོང་ངའི་བཅུད་ལེན་གཉན་གྱིས་སོ་བཏབ་པ་གསོ་བ། དུག་བསྲུང་དུག་ཁོང་དུ་སོང་བ་བཟློག་པ། ནད་ཕྱོགས་མེད་འཇོམས་པ། དེའི་གེ གས་སེལ་དང་དམིགས་པའི་ཁྱད་པར་རྣམས་བླ་མའི་གསུང་བཞིན་འཕགས་པ་རིན་པོ་ཆེས་མཛད་པ། ནཱ་རོ་པཎ་ཆེན་ནས་བརྒྱུད་པའི་རྡོ་རྗེ་ཁྱུང་ཁྲའི་ལས་སྦྱོར་བརྒྱད་པ། ཞེས་པ་བོང་ང་ལ་བརྟེན་ནས་གྲང་བ་སྙིང་རླུང་ཚད་པ་སེལ་ཞིང་བཅུད་ལེན་གྱི་མཆོག་ཏུ་འགྱུར་བ། གཡོས་དུག་དབྱིག་དུག་སྦྱར་དུག་བསྲུང་བ། རྒྱུ་བའི་དུག་རྣམས་ཀྱིས་སོ་བཏབ་པ་ཞི་བ། གྲེ་ནད་སེལ་བ། གཉན་ཚད་ལས་གྲོལ་བ། ནད་བརྒྱ་སྨན་གཅིག ནད་སྤྱི་དང་ཁྱད་པར་མཛེ་དྲེག་གྲུམ་གཟའ་ནད་སེལ་བ། བུམ་ཆོག གཏོར་ཆོག་དང་བཅས་པ་སྔགས་འཆང་གཟུངས་པས་རྫོང་ཆུང་བླ་བྲང་དུ་མཛད་པ། དྲེག་འདོན་པའི་མན་ངག་བླ་མ་དམ་པའི་ཞབས་ལ་དྲེག་བྱུང་བའི་དུས་དཔལ་གྱི་མིང་ཅན་གྱིས་ས་སྐྱར་བཀོད་པ། དྲེག་སེལ་བ་སྡིག་པ་ཆུང་པ་བཀའ་རྒྱ་མ། མཛེ་འཆོས་པ་བརྟག་ཐབས་གསོ་ཐབས་རྗེས་གསུམ་གྱིས་བསྟན་པ་ལུས་ལ་བཏགས་སོའི་མཐའ་ཅན། བསྙེན་པ་འཁྱོལ་ནས་ཐོག་བསྲུང་བ་འཕགས་པས་ཤིང་ཀུན་ཏུ་མཛད་པ། ཁྱུང་གི་ལས་མཐའ་གེ གས་སེལ་གཟེར་ལྔའི་སྙན་བརྒྱུད་གཟུངས་ཀྱི་མིང་ཅན་གྱིས་རྡོ་རྗེ་ཁྱུང་