R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 612
[A:612]མཆོག་འཕེལ་མན་འདྲའོ། །༈། ཐུབ་པའི་དབང་པོའི་བསྟོད་པ་མདོ་སྡེ་རྒྱན་ལས་ཕྱུང་བ་སེམས་ཅན་རྣམས་ལ་བརྩེ་བ་ཅན་ཞེས་སོགས་ཡོད་པའི་ལུང་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། འཕགས་པ་བྱམས་པ། འཕགས་པ་ཐོགས་མེད། མཁས་པ་དབྱིག་གཉེན། སློབ་དཔོན་བློ་གྲོས་བརྟན་པ། པཎ་ཆེན་གང་བ་སྤེལ། ཁ་ཆེ་རིན་ཆེན་རྡོ་རྗེ། བྲམ་ཟེ་སཛྫ་ན། པ་ར་ཧི་ཏ། བློ་གྲོས་གྲགས་པ། མར་པ་ཇོ་གདན། མཆིམས་དོན་གྲུབ། མཆིམས་བརྩོན་འགྲུས་སེང་གེ མཆིམས་ནམ་མཁའ་གྲགས། སྐྱི་སྟོན་ཤཱཀྱ་འབུམ། སྐྱི་སྟོན་གྲགས་པ་རྒྱལ་མཚན། དོལ་པ་ཤེས་རབ་རྒྱལ་མཚན། མ་ཏི་པཎ་ཆེན། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། ཡོངས་འཛིན་དཀོན་མཆོག་འཕེལ། རྒྱལ་བ་ལྷ་མཆོག་སེང་གེ རྗེ་དཀོན་མཆོག་ལྷུན་གྲུབ་མན་གོང་གི་དཀོན་མཆོག་རྗེས་དྲན་བརྒྱུད་པ་དང་འདྲའོ། །༈། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མདོའི་ལུང་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། རྗེ་བཙུན་སྒྲོལ་མ། ཇོ་བོ་རྗེ། ཨ་ཏི་ཤདེའི་དབོན་པོ་དཱ་ན་ཤཱི་ལ། བྱང་སེམས་ཟླ་བ་རྒྱལ་མཚན། དབང་བཀའ་གདམས་པ། སྐྱེར་སྒང་པ་ཡེ་ཤེས་སེང་གེ
་་་་་ཆོས་ཀྱི་སེང་གེ འང་ཟེར།
སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། ཚད་མའི་སྐྱེས་བུ་བསོད་ནམས་མགོན། ཀུན་མཁྱེན་བུ་སྟོན། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། བླ་མ་བཀྲ་ཤིས་རིན་ཆེན། ཐམས་ཅད་མཁྱེན་པ་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་