R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 679
[A:679]ཚོགས་ནས། འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་རྗེ་སངས་རྒྱས་ཕུན་ཚོགས་ནས། ཤར་ཆེན་སངས་རྒྱས་བསྟན་འཛིན། རྗེ་བཀྲ་ཤིས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། མཚུངས་མེད་བསོད་ནམས་དཔལ་ལྡན། མཁན་ཆེན་བྱམས་པ་བསོད་ནམས་བཟང་པོ། མཁན་ཆེན་འཇམ་དབྱངས་སངས་རྒྱས་དཔལ་བཟང༌། དེས་བདག་ལའོ། །ཡང་ན་རྗེ་ནམ་མཁའ་དཔལ་བཟང་པ་ཡན་ལམ་ཟབ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་དང་འདྲ། དེ་ནས་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་དང་མཁས་གྲུབ་དཔལ་ལྡན་དོན་གྲུབ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་རྗེ་དཔལ་མཆོག་རྒྱལ་མཚན། དེ་ལས་འཇམ་དབྱངས་སངས་རྒྱས་ཕུན་ཚོགས་མན་གོང་བཞིན་ནོ། །བིར་སྲུང་ཐུན་མོང་མ་ཡིན་པའི་བྱིན་རླབས་མན་ངག་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན། ཀུན་དབང་པ། འདྲེན་མཆོགས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ། རྡོ་རྗེ་འཆང་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང༌། འདི་ནས་བརྒྱུད་རིམ་གྱིས་ཚུལ་གང་ཡིན་གྱི་བླ་མ་འགའ་ཞིག་བཙལ་དགོས་པ་ཡོད། དེ་ནས་མུས་པའི་དགེ་བཤེས་ཚུལ་ཁྲིམས། མཁན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །ཡང་ན་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་པའི་གསན་ཡིག་ལྟར་ཡན་ཆད་བཙལ། དེ་ནས་མཁན་ཆེན་རྡོ་རྗེ་འཆང་བ་ཆེན་པོ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་འདྲེན་མཆོག རྗེ་ལྷ་མཆོག་སེང་གེ རྡོ་རྗེ་འཆང་བུདྡྷ་སིངྷ་མན་འདྲའོ། །ཡང་ན་མུས་ཆེན། གྲུབ་ཆེན་དཀོན་