R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 681
[A:681]ནས། མུས་ཆེན་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ཁྲི་ཆེན་ཀུན་དགའ་བསོད་ནམས། འཇམ་དབྱངས་བསོད་ནམས་དབང་ཕྱུག་མན་སྔར་བཞིན་ནོ། །ཡང་ན་རྒྱལ་ཚབ་ཀུན་དབང་ནས། ཀུན་མཁྱེན་གོ་རམས་པ། རྗེ་སངས་རྒྱས་རིན་ཆེན། ས་ལོ་ཙཱ་བ་མན་འདྲ། ཡང་ན་ས་པཎ་ནས། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ་མན་འདྲའོ། །བརྡ་ཆིག་བརྒྱུད་ཀྱི་མན་ངག་བྱིན་རླབས་ཀྱི་བརྒྱུད་པ་ནི། ཆོས་རྗེ་བླ་མ་དམ་པ་ཡན་གོང་དང་འདྲ། དེ་ནས་རི་ཁྲོད་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྗེ་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་སངས་རྒྱས་རིན་ཆེན། འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ། རྡོ་རྗེ་འཆང་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང་ལ་སོགས་པ་ནས་རིམ་པར་བཙལ། དེ་ནས་མཚུངས་མེད་བསྟན་འཛིན་ལྷུན་གྲུབ་ཡིན་ནམ། དེ་ནས་མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ཚུལ་ཁྲིམས་རིན་ཆེན་དུ་བོད་པ་ལའོ། །ཡང་ན་ངོར་ཆེན། རྒྱལ་ཚབ་ཀུན་དབང༌། འདྲེན་མཆོག་དཀོན་མཆོག་འཕེལ། འཇམ་དབྱངས་ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེ དེས་བདག་ལའོ། །ཡང་ན་ངོར་ཆེན། ཀུན་དབང༌། འདྲེན་མཆོག རྒྱལ་བ་ལྷ་མཆོག་སེང་གེ རྡོ་རྗེ་འཆང་བུདྡྷ་སིངྷ༌། དེས་བདག་ལའོ། །ལམ་སྦས་བཤད་ཀྱི་བྱིན་རླབས་ཀྱི་