R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 683
[A:683]ཐོབ་པའི་བརྒྱུད་པ་ནི། ངོར་ཆེན་ནས་རྒྱལ་ཚབ་ཀུན་དབང༌། འདྲེན་མཆོག་དཀོན་མཆོག་འཕེལ། ས་སྐྱ་ལོ་ཙཱ་བ། དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། གླིང་སྟོད་ཞབས་དྲུང་དཀོན་མཆོག་དཔལ་འབྱོར། སྤྲུལ་སྐུ་རིན་པོ་ཆེ་མན་འདྲ། ཡང་ན་འདྲེན་མཆོག རྒྱལ་བ་ལྷ་མཆོག་པ། རྡོ་རྗེ་འཆང་བུདྡྷ་སིངྷ་མན་འདྲ། ཡང་ན་རྒྱལ་ཚབ་ཀུན་དབང༌། ཀུན་མཁྱེན་གོ་རམས་པ། རྗེ་སངས་རྒྱས་རིན་ཆེན། ས་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲའོ། །རྗེ་བཙུན་ཆེན་པོས་གཞུང་ཇི་ལྟ་བ་བཞིན་བཀྲི་བའི་ཁྲིད་ཡིག་ཏུ། ལུས་སྦྱོང་རྒྱས་བསྡུས་ཇི་རིགས་པས་ལུས་འབྱོང་འབྱོང་བྱའོ། །ཞེས་གསུངས་པའི་ལུས་སྦྱོང་བསྡུས་པ་ནི་ཡན་ལག་ལྔའི་སྦྱོང་བ་དང༌། རྒྱས་པ་ནི་ལུང་སྦྱོང་ཉི་ཤུ་པ་སྟེ་དེའི་གསལ་བྱེད་མདུད་འགྲོལ་ལམ་འབྲས་པ་ནོར་བཟང་གིས་ཟིན་བྲིས་མཛད་པ་དང༌། འཁྲུལ་འཁོར་གྱི་དངོས་གཞི་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་རྣལ་འབྱོར་གྱི་ཕྲིན་ལས་སུམ་ཅུ་རྩ་གཉིས་ཀྱི་ཡི་གེ་དང༌། དེ་དག་གི་གསལ་བྱེད་བླ་མ་ཕྱི་རབས་པའི་ཟིན་བྲིས་ལས་འབྱུང་ཚུལ་བཤད་པ། སྙིགས་དུས་བསྟན་པའི་ཉི་མ་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་གསུང་རྒྱུན་ཟིན་བྲིས་ལས་འབྱུང་ཚུལ་བཤད་པ། གཞན་ཡང་མཁས་པ་གཞན་གྱི་གསུང་རབ་ལས་འབྱུང་ཚུལ་བཤད་པ་གསུམ་གྱི་སྒོ་ནས་གསལ་བར་བཤད་པའི་ལམ་འབྲས་འཁྲུལ་འཁོར་རྣམས་ཀྱི་ལག་ལེན་རྣལ་འབྱོར་ཀུན་དགའ་ཞེས་བྱ་བ་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་