R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 686
[A:686]གཉིས་ཀྱིས་གསན། དེ་གཉིས་ལས་ས་ལོ་ཐམས་ཅད་མཁྱེན་པ། དེ་གསུམ་ཆར་ལས་དཀོན་མཆོག་ལྷུན་གྲུབ་མན་འདྲའོ། །ཡང་ན་ངོར་ཆེན་རྡོ་རྗེ་འཆང༌། མུས་ཆེན་སེམས་དཔའ་ཆེན་པོ། ཆོས་རྗེ་བློ་གྲོས་རིན་ཆེན། བདག་ཆེན་རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རིང་པ། ཚར་ཆེན་རྡོ་རྗེ་འཆང༌། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། རྗེ་ངག་དབང་ཆོས་གྲགས། ཞབས་དྲུང་ཨ་མི་ལགས་མན་འདྲའོ། །འདིའི་རྗེས་གནང་གི་ཡི་གེ་ཀུན་མཁྱེན་གྱིས་མཛད་པ་ལྟར་དང༌། རྗེས་གནང་གི་ཚེ་ཐུན་མོང་མ་ཡིན་པའི་གསོལ་གདབ་མཛད་ཅིང༌། ཞབས་གཡས་བརྐྱང་ཅན་དུ་མཛད། ཐུགས་ལ་རིགས་འདྲ་བསྟིམ་ནས་ལྟ་བ་ངོ་སྤྲོད་མཉམ་པར་གཞགགཞན་དཀྱུས་བཞིན་ནོ། །འདིར་གསང་བཅུའི་རྒྱས་གདབ་ནི་མ་ཐོས་སོ། །༈། བླ་མ་འབྲོག་མིས་ཆོས་རྣམས་རྫོགས་པའི་མཐར་བི་ཀྲ་མ་ཤཱི་ལའི་མཁས་པ་སྒོ་དྲུག་ལས་ཆོས་འབྲེལ་དུ་གསན་པའི་སྒོ་དྲུག་ཆོས་འབྲེལ་དུ་གྲགས་པ། ཤཱནྟི་པའི་མདོ་རྒྱུད་བསྲེ་བ་ཤེས་རབ་འབྱུང་གནས་སྦས་པའི་གདོན་གྱི་བར་ཆད་སེལ་བ། ཛྙཱ་ན་ཤྲཱིའི་འབྱུང་བ་ལུས་འཁྲུགས། རིན་ཆེན་རྡོ་རྗེས་སེམས་ཀྱི་བར་ཆད་སེལ་བ། ནཱ་རོ་པའི་ཕྱག་རྒྱ་ཆེན་པོ་སྡུག་བསྔལ་གསུམ་སེལ། ངག་དབང་གྲགས་པའི་གཉུག་མ་དྲན་གསལ་ཏེ་དྲུག་ལས། དེ་དག་གི་བརྒྱུད་པ་ནི་ཤཱནྟི་པ། ཛྙཱ་ན་ཤྲཱི། ཤེས་རབ་འབྱུང་གནས་སྦས་པ། རིན་ཆེན་རྡོ་རྗེ། ངག་དབང་གྲགས་པ། ཇོ་བོ་ནཱ་རོ་པ་དྲུག་ལས་འབྲོག་མིས་གསན། དེ་ནས་བར་ཆད་གསུམ་སེལ་
་་་་་གདོན་སེལ་བ་འབྱུང་བ་ལུས་འཁྲུགས་སེམས་ཀྱི་བར་ཆད་སེལ་བ་གསུམ།
གྱི་བརྒྱུད་པ་སྒོམ་ཆེན་སེ་རེག་གཉིས། དེས་གཉོས་ཡེར་པ་སྒོམ་སེང༌། གྲུབ་ཐོབ་ལྷ་