R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 138
[A:138]ཞེས་ཡོད་པའི་༼མུ༽མགོན་པོ་ལྷ་བཅུ་གཉིས་མའི་རྗེས་གནང་གི་ཡི་གེ་རྫོགས་སོའི་མཐའ་ཅན་སྤྲོ་ལུང་པ་ཀུན་སྨོན་གྱིས་མཛད་པ། མགོན་པོ་ལྕམ་དྲལ་གྱི་རྗེས་གནང་དམ་བཀའ་བསྒོའི་ཡི་གེ་༼མུ༽ནག་པོ་འགྲོ་ཤེས་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་གི་ས་བསྐུལ་བ་ལ་བརྟེན་ནས་ཆོས་རྗེ་ཨཱ་ནནྡས་མེ་ལུག་རྒྱལ་ཟླའི་ཚེས་བཅུ་བཞི་ལ་ངམ་རིང་རྩེར་སྦྱར་བ།
་་་་་རྗེས་གནང་འདི་གཉིས་མུས་སྲད་པའི་གླེགས་བམ་དུ་མེད་ཀྱང་བརྒྱུད་པ་གཅིག་པས་མུའི་རྟགས་ཐོབ་བོ།་་་་་
ལྕམ་དྲལ་གྱི་རྗེས་གནང་༼མུ༽ལྕགས་མོ་དབོན་པོ་གྲགས་པ་བཟང་པོས་བསྐུལ་ནས་སྔགས་འཆང་གཟུངས་ཀྱི་དཔལ་བའི་གསུང་བཞིན་ཆོས་རྗེ་བཟང་པོ་རྒྱལ་མཚན་གྱིས་མཛད་པ་རྣམས་སོ། །གསུམ་པ་དབང་ཆོག་ལ། ནག་པོ་ཆེན་པོ་ལྷ་བཅུ་གཉིས་མའི་དཀྱིལ་འཁོར་གྱི་ཆོ་ག་མགོན་པོ་༼རྡོ་རྗེ་༽རྣམ་པར་རོལ་པ་ཐེག་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པ་ལ་ཀུན་མཁྱེན་རྡོ་རྗེ་གདན་པས་གསུང་མཆན་བཏབ་པ། ནག་པོ་ཆེན་པོའི་ཐིག་རྩ། ལྷ་ལྔ་མ་དང་ལྷ་བཅུ་བདུན་མའི་མངོན་རྟོགས། མགོན་པོའི་སིནྡྷཱུ་རའི་དབང་ཆོག་རྣམས་ཀྱི་ཟུར་འདེབས་༼རྡོ་རྗེ་༽དཔལ་རྡོ་རྗེ་གདན་པས་མཛད་པ་ཕྱག་བྲིས་དངོས་ལས་བཤུས་པ། ནག་པོ་ཆེན་པོ་ལྷ་ལྔ། ལྷ་བརྒྱད། ལྷ་བཅུ་གཉིས། ལྷ་བཅུ་བདུན་མ་རྣམས་ཀྱི་ཐུན་མོང་གི་མངོན་རྟོགས་བདུད་ལས་རྣམ་པར་རྒྱལ་བ་༼རྡོ་རྗེ་༽ཆོས་ཀྱི་རྗེ་མ་ཏི་བྷ་དྲའི་བཀས་བསྐུལ་བ་ལ་བརྟེན་ནས་འཇམ་དབྱངས་གྲགས་པས་
ཆོས་རྗེ་ཀུན་དགའ་རྒྱལ་མཚན་ཡང་ཟེར།་་་་་
རྒྱལ་ཟླའི་ཚེས་ལྔ་ལ་སེ་མཁར་ཆུང་བའི་གཟིམས་ཁང་དུ་མཛད་པ། བསྐུལ་བ་པོ་དང་མཛད་པ་པོ་བཤད་མ་ཐག་པའི་ནག་པོ་ཆེན་པོའི་ཐུན་མོང་བ་རྒྱ་གཞུང་ལུགས་ཐུན་མོང་མ་ཡིན་པ་སྙན་བརྒྱུད་