R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 241
[A:241]པས་ཕྱག་འཚལ་ནས། །ཞེས་ཡོད་པའི་ལས་རབ་འབྱམས་དང་བསད་བསྐྲད་ཀྱི་འཁོར་ལོའི་ཞལ་གདམས་ཆིག་བརྒྱུད་མ་སྙིང་ནང་གི་ཁྲག་ལྟ་བུ། དེས་མཛད་པའི་འགོར། སངས་རྒྱས་ཀུན་དངོས་བླ་མ་དང༌། །ཞེས་ཡོད་པའི་བྱེ་བྲག་ཏུ་བསད་ལས་ཀྱི་འཁོར་ལོའི་མན་ངག་མཁའ་འགྲོའི་ཁ་རླངས་ཅན་དུ་གྲགས་པ་རྣོ་མྱུར་སྤུ་གྲི་རེག་ཆོད་དང་འདྲ་བའི་མན་ངག་སྙན་བརྒྱུད་མཐར་ཐུགདེས་མཛད་པའི་འགོར། བླ་མ་མཆོག་དང་ལྷ་མཆོག་ལ། །ཞེས་ཡོད་པའི་འཁྲུལ་འཁོར་བལྟབ་ཅིང་སྦ་བ་སོགས་མནན་པའི་མན་ངག་མཐར་འདོན་ཐབས་དང་བཅས་པ་སྙན་བརྒྱུད་སྦས་དོན་གསལ་བ། ཡར་ཀླུངས་པའི་གསུང་འདི་རྣམས་ཕྱི་སྒྲུབ་ལ་ལྟོས་པའི་བཀའ་བརྒྱ་དམ་པས་མང་བ་ལ་མི་སྟོན་པའི་གྲས། བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་ཐབས་རྟ་བདུན་རྒྱལ་པོ་ཞེས་བྱ་བ་མདོ་སྟོད་པ་འཇམ་དབྱངས་རྒྱལ་མཚན་གྱིས་མཛད་པ། དེ་སྐོར་གྱི་ཡིག་ཆུང་བཞི་ཞེས་པ་པྲཛྙཱ་ཕ་ལའི་གསུང་བཞིན་བྲིས་པའི་ས་ཆེན་ཀུན་དགའ་སྙིང་པོའི་མན་ངག་གནད་བརྒྱད་པའི་ངོས་འཛིན་དང༌།
་་་་་ཆོས་ཚན་བཞིའི་སྐབས་འདི་གཉིས་སོ་སོར་འདྲེ་ན།་་་་་
མ་ཆག་པའི་གནད་གཉིས་སྟོན་པའི་ཞལ་བཞི་པའི་སྲོག་སྙིང་གནད་ཀྱི་མན་ངག་སྙིང་དང་འདྲ་བ་མདོ་སྟོད་པ་འཇམ་དབྱངས་ཀྱིས་དྭགས་ལྷ་སྒམ་པོར་སྦྱར་བ། དཔལ་མགོན་གདོང་བཞི་པའི་མནན་པ་དང་སྲོག་གི་ཞལ་གདམས་ཨི་ཐིའི་མཐའ་ཅན། འགོར་ཆོས་སྐྱོང་གྱི་རྟེན་གྱི་འཁོར་ལོ་ནི་དབང་པོ་དར་མ་གྲིར་ཤི་བ་ཞེས་ཡོད་པ་གྲུབ་པ་དཔལ་གྱིས་ཡི་གེ ར་བཀོད་པ་རྣམས་སོ། །བཞི་པ་གསལ་བྱེད་དུ་གྱུར་པ་ལྷན་ཐབས་སམ་ཡན་ལག་གི་ཡི་གེ་ལ། སྤྱིའི་ལྷན་ཐབས་བྱེ་བྲག་གི་ལྷན་ཐབས་ལས་ཕྲན་བུའི་མན་