R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 511
[A:511]བཞིན་ལས། དེ་ནས་མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། ཀུན་མཁྱེན་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ལའོ། །གཡུང་དྲུང་གི་རྟགས་ཅན་རྣམས་ཀྱི་བརྒྱུད་པ་ནི། མུས་ཆེན་ནས། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། ཀུན་མཁྱེན་ཤཱཀྱ་དོན་གྲུབ། དེ་དབོན་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་པ་མན་འདྲའོ། །ཡང་ན་དཀོན་མཆོག་ལྷུན་གྲུབ་ཡན་གོང་ལྟར་ལས། དེ་ནས་སངས་རྒྱས་སེངྒེ། ཐར་རྩེ་ནམ་མཁའ་དཔལ་བཟང༌། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲའོ། །རའི་རྟགས་ཅན་གྱི་བརྒྱུད་པ་ནི། ས་ལོ་འཇམ་དཔལ་རྡོ་རྗེ་ནས། སྔགས་འཆང་ངག་གི་དབང་པོ། གྲུབ་མཆོག་བསོད་ནམས་དབང་པོ། གླིང་སྟོད་པ་དཀོན་མཆོག་དཔལ་འབྱོར། ངག་དབང་ཀུན་དགའ་ལྷུན་གྲུབ་མན་འདྲའོ། །༈། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་བསོད་ནམས་སེངྒེའི་ཟབ་མོ་སྔགས་ཀྱི་ཕྱོགས་གཙོ་བོར་གྱུར་པའི་གསུང་རབ་ཀྱི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། བླ་མ་རིན་འབྱུང་ལ་གསོལ་བ་འདེབས་པ་
༼མཻ༽
བསོད་ནམས་རབ་རྒྱས། ངོར་ཆེན་རྡོ་རྗེ་འཆང་ལ་བསྟོད་པ་
༼མཻ༽
བསྟོད་དབྱངས་རྒྱ་མཚོ་རྣམ་པར་རོལ་པ། ཡང་དེ་ལ་བསྟོད་པ་ལྷ་བཅས་མ། རྗེ་མུས་པ་ལ་བསྟོད་པ་རྣམ་ཐར་
༼མཻ༽
དང་མཐུན་པ་ངོ་མཚར་ཆུ་རྒྱུན། ཡང་དེའི་ཁ་སྐོང་གང་ལ་ཡོན་ཏན་མ། ཡང་དེ་ལ་བསྟོད་པ་རིན་ཆེན་དཀོན་མཆོག་མ། བློ་གྲོས་དབང་ཕྱུག་ལ་བསྟོད་པ་ཟབ་ཡངས་བློ་